སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ལྷོ་ཕྱོགས་ཀྱི་ཏི་ལཱ་ནས་དུས་ཚོད་ཞེ་བརྒྱད་རིང་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐོར་ཐེངས་གསར་བའི་སི་རི་ཡཱའི་གནད་དོན་གྱི་རི་ནེ་ཝའི་ཞི་བའི་གྲོས་མོལ་དང་ཨ་སི་ཐཱ་ནཱའི་ཞི་བའི་གྲོས་མོལ་དེ་ཟླ་བདུན་པར་སོ་སོར་སྤེལ་བར་རེ་བ་ཡོད་པར་དམིགས་ཏེ། ཚེས་བཅུ་བདུན་ཉིན། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་དམག་སྤྱི་ཁང་གིས་ཁྱབ་སྒྲོག་བྱས་དོན། ཚེས་བཅུ་བདུན་ཉིན་གྱི་ཉིན་གུང་དུས་ཚོད་བཅུ་གཉིས་ནས་བཟུང་སི་རི་ཡཱའི་ལྷོ་ཕྱོགས་ཀྱི་ཏི་ལཱ་གྲོང་ཁྱེར་གྱི་དམག་དོན་འགུལ་སྐྱོད་དེ་དུས་ཚོད་ཞེ་བརྒྱད་རིང་མཚམས་བཞག་སྟེ། སི་རི་ཡཱའི་ཕྱོགས་ཁག་སོ་སོ་འགྲིག་མཐུན་ཡོང་བར་བརྩོན་པའི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།   །ouyཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།