ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་ཨ་མེ་རི་ཁས་ཁྲིམས་འགལ་གྱིས་ཁྲའོ་ཞན་ཕྱི་འབྲེལ་མི་སྣའི་ཅ་ལག་འཕྲོག་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་གྱིས་ཚེས་བཅོ་བརྒྱད་ཉིན་ཨ་མེ་རི་ཁའི་བདེ་འཇགས་མི་སྣས་ཉེ་སྔོན་ཉིག་ཡོ་གནམ་གྲུ་ཐང་ནས་ཁྲིམས་འགལ་གྱིས་ཁྲའོ་ཞན་ཕྱི་འབྲེལ་འཐུས་ཚབ་ཚོགས་པའི་ཅ་ལག་འཕྲོག་པར་རྒོལ་གཏམ་བཏང་བ་དང་། ཨ་མེ་རི་ཁས་དོན་དེར་འགྲེལ་བཤད་བྱེད་དགོས་པའི་རེ་བ་བཏོན།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཉིན་དེར་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་དབང་བོ་སྐྱོན་ཅན་གྱི་ཁེ་དབང་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་ཚོགས་ཆེན་ལ་ཞུགས་པར་སོང་བའི་ཁྲའོ་ཞན་འཐུས་ཚབ་ཚོགས་པ་ཚེས་བཅུ་དྲུག་ཉིན་ཉིག་ཡོ་གྲོང་ཁྱེར་གྱི་ཁུན་ནེ་ཏིས་གནམ་གྲུ་ཐང་ནས་གནམ་གྲུར་བསྡད་དེ་ཕྱིར་ཁྲའོ་ཞན་དུ་ལོག་རྩིས་བྱེད་སྐབས། ཨ་མེ་རི་ཁའི་བདེ་འཇགས་མི་སྣ་དང་ཉེན་རྟོག་པ་བཅས་འདུས་པའི་མི་ཉི་ཤུ་ལྷག་གིས་གནམ་གྲུའི་སྟེང་འབུད་སའི་ལམ་ཁ་ནས་བཀག་སྟེ། ཁྲའོ་ཞན་ཕྱི་འབྲེལ་མི་སྣས་བཟུང་བའི་ཅ་ལག་བཙན་གྱིས་འཕྲོག་པ་རེད་ཟེར།

མགྲིན་ཚབ་པ་དེས་བསྟན་དོན། མི་ཉི་ཤུ་ལྷག་གིས་གནམ་གྲུ་ཐང་དུ་བཀག་ཡོད་པ་ལས་དེ་ན་སྔོན་ནས་བཀོད་སྒྲིག་ཡོད་པའི་དཀྲུགས་འཕེན་གྱི་བྱ་སྤྱོད་ཅིག་ཡིན་པ་གསལ་བཤད་བྱེད་ཐུབ། དེ་ནི་ཁྲའོ་ཞན་གྱི་བདག་དབང་ལ་གནོད་པ་གཏོང་བའི་བྱ་སྤྱོད་ཅིག་ཡིན་པས། ཁྲའོ་ཞན་སྲིད་གཞུང་གིས་དོན་དེར་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད། ཁྲའོ་ཞན་ཕྱོགས་ཀྱིས་ཨ་མེ་རི་ཁས་དོན་དེ་ལས་མཇུག་འབྲས་ཚབ་ཆེན་འབྱུང་སྲིད་པའི་ཉེན་བརྡ་བཏང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།