ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱ་དང་དབྱི་རག་སྲིད་གཞུང་དམག་དཔུང་གིས་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་ནས་དམག་དཔུང་ལྷན་འཛོམས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་སྲིད་གཞུང་དམག་དཔུང་དང་སྲིད་གཞུང་ལ་བློ་དཀར་བའི་དམངས་དམག་དྲག་ཆས་པ་དང་དབྱི་རག་གི་སྲིད་གཞུང་དམག་དཔུང་ཚེས་བཅོ་བརྒྱད་ཉིན་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་ནས་ཐོག་དང་པོར་ལྷན་འཛོམས་བྱས། སི་རི་ཡཱའི་དམག་ཕྱོགས་ཀྱིས་བཤད་རྒྱུར། ཐེངས་འདིའི་དམག་དཔུང་ལྷན་འཛོམས་བྱས་པ་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ཟེར།

བསྒྲགས་པ་ལྟར་ན། དབྱི་རག་གི་སྲིད་གཞུང་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ལག་ནས་སི་རི་ཡཱ་རུ་བགྲོད་སའི་ཝ་ལེ་ཏི་གྲུ་ཁ་ཕྱིར་འཕྲོག་ལེན་བྱས་པ་ད་། སི་རི་ཡཱའི་སྲིད་གཞུང་དམག་དཔུང་དེ་ཝ་ལེ་ཏི་གྲུ་ཁའི་བྱང་ཤར་ཕྱོགས་སུ་གནས་ཡོད། དབྱི་རག་དམག་དཔུང་གིས་བྱང་ཤར་ཕྱོགས་ནས་ཝ་ལེ་ཏི་རུ་ཡོང་བ་དང་། སི་རི་ཡཱའི་དམག་དཔུང་གིས་བྱེ་ཁུལ་ནས་ས་ཁོངས་གསར་བ་འཕྲོག་ལེན་བྱས་རྗེས། ཕྱོགས་གཉིས་ཀྱི་དམག་དཔུང་ཐོག་དང་པོར་ལྷན་འཛོམས་བྱུང་བ་རེད།

མིང་བཤད་མི་འདོད་པའི་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་དམག་དཔོན་ཞིག་གིས་བཤད་རྒྱུར། ཉེ་བའི་གཟའ་འཁོར་འགའི་འཐབ་འཁྲུག་ནི་ངོ་བོ་རང་བཞིན་ལྡན་པའི་འགུལ་སྐྱོད་ཅིག་ཡིན་པ་དང་། ས་ཁོངས་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་གཉིས་དང་སྟོང་ལྔ་ཙམ་ཕྱིར་འཕྲོག་ལེན་བྱས་པ་དང་། སི་རི་ཡཱ་དང་དབྱི་རག་གི་མཐའ་མཚམས་ས་ཁུལ་དུ་བསླེབ་ཡོད། དེ་ལས་སྤུན་ཟླ་ལྟ་བུའི་དབྱི་རག་དང་སི་རི་ཡཱའི་དམག་དོན་མགོ་ཁྲིད་པས་མཉམ་ལས་བྱས་ཏེ་ཐུན་མོང་གི་མཐའ་མཚམས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་བཞིན་པ་གསལ་བཤད་བྱེད་ཐུབ་ཟེར།

ཉེ་བའི་ཟླ་ངོ་འགའི་རིང་། སི་རི་ཡཱ་དང་དབྱི་རག་གིས་རྒྱུན་ཆད་མེད་པར་དམག་དོན་གནོན་ཤུགས་ཇེ་ཆེར་བཏང་སྟེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པས་ཉིས་སྟོང་བཅུ་བཞི་ལོའི་ཟླ་དྲུག་པའི་ཚུན་ལ་རྒྱལ་ཁབ་གཉིས་ནས་བཙན་བཟུང་བྱས་པའི་ས་ཁོངས་མང་ཆེ་བ་ཤོར་བ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།