ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་འཕུར་མདའ་གཏོང་འཕེན་བྱས་ཏེ་སི་རི་ཡཱའི་མངའ་ཁོངས་ཀྱི་འཇིགས་སྐུལ་རིང་ལུགས་ཀྱི་དམིགས་འབེན་ལ་ཆམ་ཕབ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་དབྱི་སི་ལན་གསར་བརྗེའི་ཉེན་སྲུང་རུ་ཁག་གིས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་འབྲིང་འཕེན་འཕུར་མདའ་དྲུག་འཕངས་ཏེ། སི་རི་ཡཱའི་ཤར་ཕྱོགས་ཀྱི་ཏའེ་ཨར་ཙུའུ་ཨར་ས་ཁུལ་གྱི་འཇིགས་སྐུལ་ཉེས་ཅན་གྱི་དམིགས་འབེན་ལ་ཆམ་ཕབ་བཏང་།

དབྱི་ལིང་གསར་བརྗེའི་ཉེན་སྲུང་རུ་ཁག་གི་མགྲིན་ཚབ་པ་ཞེ་ལི་ཧྥུའུ་ཡིས་ཚེས་བཅུ་དགུའི་ཉིན་བསྟན་དོན། དབྱི་ལིང་གིས་ཐེངས་འདིར་རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་ཁི་ཨར་མན་ཧྲ་ཨ་ཞིང་ཆེན་དང་ཁུའུ་ཨར་ཏི་སི་ཐན་ཞིང་ཆེན་གྱི་དམག་དོན་རྟེན་གཞི་ནས་འབྲིང་འཕེན་འཕུར་མདའ་གཏོང་འཕེན་བྱས་ཏེ། དམིགས་འབེན་ལ་ཕོག་པ་དང་། དབྱི་སི་ལན་རྒྱལ་ཁབ་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་བཀོད་འདོམ་པུའུ་གལ་ཆེན་དང་མཚོན་ཆའི་མཛོད་ཁང་གཏོར་བཤིག་བཏང་བར་མ་ཟད། འཇིགས་སྐུལ་ཉེས་ཅན་སྐོར་ཞིག་བསད། ཞེ་ལི་ཧྥུའུ་ཡིས་ད་རུང་བཤད་རྒྱུར། ཐེངས་འདིར་འཕུར་མདའ་གཏོང་འཕེན་བྱས་པ་ནི་དབྱི་ལིང་གིས་འཇིགས་སྐུལ་ཉེས་ཅན་དང་དགྲ་བོ་གཞན་པར་ཆད་གཅོད་བྱེད་པའི་སྟོབས་ཤུགས་ཀྱི་ཁག་ཅིག་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།