ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོའི་སི་ཁྲོན་མའོ་རྫོང་དུ་རི་ཉིལ་བའི་དོན་རྐྱེན་ཐད་ནས་དུས་ངེས་མེད་དུ་ཀྲུང་གོར་རོགས་སྐྱོར་བྱེད་པར་གྲ་སྒྲིག་བྱས་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོའི་སི་ཁྲོན་མའོ་རྫོང་དུ་རི་ཉིལ་བའི་དོན་རྐྱེན་ཐད་ནས་དུས་ངེས་མེད་དུ་ཀྲུང་གོར་རོགས་སྐྱོར་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་འགྱུར་ལྟེ་གནས་ཀྱིས་སྤེལ་བའི་དྲུང་ཡིག་ཆེན་མོའི་གསལ་སྒྲོག་ལས་བསྟན་དོན། དྲུང་ཡིག་ཆེནམོ་ཀུའུ་ཐི་ལོས་སི་ཡིས་རྒྱལ་ཁབ་སོ་སོས་རྒུད་སྐྱོབ་རུ་ཁག་གིས་རོགས་སྐྱོར་བྱེད་པར་དགའ་བསུ་ཞུས་པ་དང་། གལ་ཏེ་དགོས་གལ་ཡོད་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དུས་ངེས་མེད་དུ་ཀྲུང་གོའི་སྲིད་གཞུང་ལ་རོགས་སྐྱོར་བྱེད་རྩིས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།