ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱིན་ཇིའི་སྲིད་གཞུང་གིས་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་ཇུས་གཞི་གསལ་བོ་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མཱེ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་དབྱར་ཁའི་མཐོ་རིམ་གྲོས་ཚོགས་སྟེང་བཏོན་པའི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་ཇུས་གཞི་དེ་ཡོ་རོབ་གླིང་མནའ་འབྲེལ་གྱིས་བསམ་བཞིན་པའི་ཚད་ལ་བསླེབ་མེད་པ་མངོན་གསལ་རེད། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མོལ་གྱི་དབུ་བཞུགས་འཐུས་མི་མུས་ཞེ་ཨར་པཱ་ནེ་ཡེ་ཡིས་ཚེས་ཉེར་དྲུག་ཉིན་བསྟན་དོན། ཐང་ཉིན་སྲང་ལམ་གྱིས་སྔར་ལས་མངོན་གསལ་དང་བློ་སྤོབས་ལྡན་པའི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་ཇུས་གཞི་ཞིག་འདོན་དགོས་པའི་རེ་བ་བཏོན།

མུས་ཞེ་ཨར་པཱ་ནེ་ཡེ་ཡིས་དྲ་ཐོག་ནས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་སྤྱི་དམངས་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་དམིགས་འབེན་ནི། ཡོ་རོབ་གླིང་མནའ་འབྲེལ་གྱི་བཅའ་ཁྲིམས་སྒྲོམ་གཞིའི་འོག་གི་འདྲ་མཉམ་གྱི་སྲུང་སྐྱོབ་ཡིན་ཞིང་། དབྱིན་ཇིའི་ཕྱོགས་ཀྱིས་སྔར་ལས་བློ་སྤོབས་ལྡན་ཞིང་མངོན་གསལ་ཡིན་ལ། འགན་སྲུང་ལྡན་པའི་ཇུས་གཞི་ཞིག་འདོན་སྤྲོད་བྱེད་དགོས་ཟེར།

ཡོ་རོབ་གླིང་མནའ་འབྲེལ་གྱི་དབྱར་ཁའི་མཐོ་རིམ་གྲོས་ཚོགས་ནས་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་གཞིའི་བཀོད་སྒྲིག་གི་དུས་ཚོད་ཅུང་ཐུང་ཡང་། གྲོས་གཞི་དེར་སྔར་བཞིན་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ཐི་ལོས་ཧྲ་མཱེ་ཡིས་ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་རྗེས་སྤྱི་དམངས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་ཇུས་གཞི་ཞིག་སྤྲད་ཡོད། ཇུས་གཞི་དེ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་རྗེས་དབྱིན་ཇི་ཡིས་རང་གི་མངའ་ཁོངས་ཀྱི་ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་དམངས་དག་གི་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་དང་། དེའི་ཆ་རྐྱེན་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་མངའ་ཁོངས་སུ་ཡོད་པའི་དབྱིན་ཇིའི་སྤྱི་དམངས་ལའང་དེ་མཚུངས་ཀྱི་སྲུང་སྐྱོབ་ཐོབ་དགོས་པ་རེད།

ཐི་ལོས་ཧྲ་མཱེ་ཡིས་བཏོན་པའི་ཇུས་གཞི་དེ་ཡོ་རོབ་གླིང་མནའ་འབྲེལ་གྱི་སྔོན་དཔག་གི་ཚད་གཞིར་བསླེབ་མེད་པ་མངོན་གསལ་རེད། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁི་ཡིས་བསྟན་དོན། ཐི་ལོས་ཧྲ་མཱེ་ཡིས་བཏོན་པའི་ཇུས་གཞི་དེ་ཡོ་རོབ་གླིང་གི་སྔོན་དཔག་ཚད་གཞི་ལས་དམར་བ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་དམངས་དག་ཉེན་ཁར་འཕྲད་ཡོད་ཟེར། ཡོ་རོབ་གླིང་གྲོས་ཁང་གི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མོལ་གྱི་དབུ་བཞུགས་འཐུས་མི། སྔོན་ཆད་ཀྱི་པུ་ལི་ཧྲིའི་ཙུང་ལི་ཅུའུ་དབྱེ་ཧྥུའུ་སི་ཏཱ་ཡིས་ཐི་ལོས་ཧྲ་མཱེ་ཡིས་བཏོན་པའི་ཇུས་གཞིར་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད་ཟེར།

ཅུའུ་དབྱེ་ཧྥུའུ་སི་ཏཱ་ཡིས་བསྟན་དོན། ཡོ་རོབ་གླིང་གྲོས་ཁང་གི་ལས་འགན་ནི་ད་ལྟ་དབྱིན་ཇིའི་མངའ་ཁོངས་སུ་འཚོ་སྡོད་བྱེད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་དམངས་དག་གི་ཁེ་ཕན་ལ་གནོད་པ་མི་ཐེབས་པར་སྲུང་སྐྱོབ་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱི་བཅའ་ཁྲིམས་དང་གཅིག་གྱུར་བྱེད་རྒྱུ་དེ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།