ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་ཕཱ་ཁི་སི་ཐན་གྱི་སྣུམ་འདྲུད་རླངས་འཁོར་འགས་གཏོར་བྱུང་བའི་དོན་རྐྱེན་ལས་ཤི་རྨས་ཚབས་ཆེན་བཟོས་པར་ཡིད་སྐྱོ་བའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་ལྔ་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཕཱ་ཁི་སི་ཐན་སྣུམ་འདྲུད་རླངས་འཁོར་ལོག་ནས་མེར་འབར་བ་ལས་མི་མང་བོར་ཤི་རྨས་བཟོས་པར་ཡིད་སྐྱོ་བའི་ཚུལ་བསྟན།

གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་དོན་དེའི་ཐད་ནས་ཕཱ་ཁི་སི་ཐན་མི་དམངས་དང་སྲིད་གཞུང་ལ་འཚམས་འདྲི་བྱས་པ་དང་། རྨས་མ་དག་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས། གལ་ཏེ་དགོས་མཁོ་ཡོད་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གང་ནུས་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཕཱ་ཁི་སི་ཐན་ཤར་ཕྱོགས་ཀྱི་ཕང་ཀྲི་ཕུའུ་ཞིང་ཆེན་གྱི་པཱ་ཧཱ་ཝ་ཨར་པུའུ་ཨར་ས་ཁུལ་དུ་ཚེས་ཉེར་ལྔ་ཉིན་སྣུམ་འདྲུད་རླངས་འཁོར་ཞིག་ལོག་ནས་མེར་འབར་བའི་དོན་རྐྱེན་བྱུང་སྟེ། མི་བརྒྱ་དང་བཞི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བརྒྱ་ལྷག་ལ་རྨས་ཕོག་ཡོད། རྨས་མ་སྐོར་ཞིག་གི་རྨས་སྐྱོན་ཚབས་ཆེན་ཡིན་པས་འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།