ཀྲུང་གོ་བོད་ཀྱི་དྲ་བ།

མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཚེས་ཉེར་དྲུག་ཉིན་གྱི་དུས་ཚོད་བདུན་ནས་དངོས་སུ་མགོ་བརྩམས། འདེམ་དམངས་ས་ཡ་གཅིག་དང་འབུམ་དགུ་ཁྲི་བརྒྱད་གྱིས་རྒྱལ་ཡོངས་ཀྱི་འདེམ་ཤོག་འཕེན་ས་སྟོང་གཅིག་དང་དགུ་བརྒྱ་གྱ་གསུམ་ནས་འདེམ་ཤོག་འཕངས་ཏེ་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་གསར་བ་འདེམ་བསྐོ་བྱེད་རྒྱུ་རེད།

འབྲེལ་ཡོད་བཅའ་ཁྲིམས་ལྟར་ན། རྒྱལ་ཁབ་གྲོས་ཁང་དུ་ལས་གནས་ཐོབ་ཡོད་པའི་སྲིད་ཏང་ཚང་མར་ཙུང་ཐུང་གི་འདེམ་སྒུག་མི་སྣ་མཚམས་སྦྱོར་བྱེད་པའི་དབང་ཆ་ཡོད་པ་རེད། རྒྱལ་ཁབ་གྲོས་ཁང་ལ་བསྡོམས་པས་ལས་གནས་དོན་དྲུག་ཡོད་པ་དང་། དེའི་ནང་མོང་གོལ་མི་དམངས་ཏང་ལ་ལས་གནས་རེ་ལྔ་དང་། དམངས་གཙོ་ཏང་ལ་ལས་གནས་དགུ། མོང་གོལ་མི་དམངས་གསར་བརྗེའི་ཏང་ལ་ལས་གནས་གཅིག དེ་མིན་སྒེར་གྱི་འདེམ་སྒུག་མི་སྣ་གཅིག་བཅས་ཡོད།

ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན། མོང་གོལ་རྒྱལ་ཁབ་ཀྱི་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གིས་ཙུང་ཐུང་འདེམ་སྒུག་མི་སྣ་གསུམ་ཐོབ་ཐང་དངོས་སུ་ཁས་ལེན་བྱས་པ་དང་། ཁོ་ཚོ་ནི་སོ་སོར་མོང་གོལ་མི་དམངས་ཏང་གི་ད་ལྟའི་ཀྲུའུ་ཞི། རྒྱལ་ཁབ་གྲོས་ཁང་གི་ཀྲུའུ་ཞི་མུས་ཡེ་ཀུང་པའོ་ཨིན་ཧི་པའོ་ལེ་ཏི་དང་། དམངས་གཙོ་ཏང་གི་སྔོན་ཆད་ཀྱི་རྒྱལ་ཁབ་གྲོས་ཁང་གི་ཨུ་ཡོན་ཧཱ་ལེ་ཐི་མཱ་པཱ་ཐུའུ་ལེ་ཀ མོང་གོལ་མི་དམངས་གསར་བརྗེའི་ཏང་གི་སེ་ཡུན་ཧུའུ་ཀང་པཱ་ཐི་ཨར་བཅས་རེད།

མོང་གོལ་རྒྱལ་ཁབ་ནི་གྲོས་ཁང་ལམ་ལུགས་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཙུང་ཐུང་ནི་རྒྱལ་ཁབ་ཀྱ་མགོ་གཙོ་དང་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་ཡིན་ཞིང་། འགན་ཡུན་ལོ་བཞི་ཡིན་པ་དང་། བསྟུད་འགན་ཐེངས་གཅིག་ལ་ཁུར་ཆོག

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།