ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་པའི་རྩ་འཛུགས་ཀྱི་ཀྲུའུ་ཞི་མིན་ཧོང་ཝེ་ཡིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་འཛམ་གླིང་ཡོངས་ཀྱི་ནག་ཉེས་འཇིགས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉིས་སྟོང་བཅུ་བདུན་ལོའི་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་པའི་རྩ་འཛུགས་ཀྱི་རྒྱལ་སྤྱིའི་འགྲེམ་སྟོན་དང་གླེང་སྟེགས་བྱ་འགུལ་དེ་ཚེས་བཞིའི་ཉིན་སིང་ག་ཕོར་ནས་སྤེལ་མགོ་བརྩམས། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་པའི་རྩ་འཛུགས་ཀྱི་ཀྲུའུ་ཞི་མིན་ཧོང་ཝེ་ཡིས་ཞུ་ཚིག་འབུལ་སྐབས་རྒྱལ་སྤྱིའི་བདེ་འཇགས་ཁེ་ཕན་གྱི་འབྲེལ་ཡོད་ཕྱོགས་སོ་སོ་མཉམ་དུ་འཛམ་གླིང་ཡོངས་ཀྱི་ནག་ཉེས་འཇིགས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

མིན་ཧོང་ཝེ་ཡིས་བཤད་རྒྱུར། མི་རྣམས་ཀྱིས་འཛམ་གླིང་ཡོངས་ཅན་གྱི་ལག་རྩལ་གསར་བརྗེ་དང་རྒྱལ་མཚམས་ཀྱི་ཁྱད་པར་མེད་པའི་དྲག་རྒྱ་ལས་བྱུང་བའི་ཁེ་ཕན་ཉམས་སུ་མྱོང་བའི་ཞོར་དུ། འགྱུར་ལྡོག་ཆེ་བའི་འཛམ་གླིང་ཡོངས་ཀྱི་ནག་ཉེས་དང་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ལ་འཕྲད་ཡོད། ནག་ཉེས་བཟོ་མཁན་གྱིས་སྔོན་ཐོན་གྱི་ལག་རྩལ་དང་དྲ་རྒྱ་ལ་བརྟེན་ནས་ནག་ཉེས་དང་འཇིགས་སྐུལ་རིང་ལུགས་ཀྱི་བྱ་འགུལ་དེ་སྔར་ལས་སྟབས་བདེ་དང་གསང་བ་ཅན་དུ་བྱེད་བཞིན་ཡོད་ཟེར།

ཁོས་ཚོད་དཔག་བྱས་དོན། མི་རྣམས་ནག་ཉེས་ཀྱི་གཞི་རྒྱ་དང་མྱུར་ཚད། ཤུགས་རྐྱེན་བཅས་ཀྱི་ཐད་ནས་བློ་ཡུལ་ལས་འདས་པའི་འགྲན་རྩོད་གསར་བར་འཕྲད་ཡོད། ཉེ་སྔོན་ནད་དུག་འདྲ་མིན་སྣ་ཚོགས་བྱུང་བ་ལས་དྲ་རྒྱའི་ནག་ཉེས་ལས་བྱུང་བའི་གནོད་པ་ཚབས་ཆེན་ཡིན་པ་བདེན་དཔང་བྱས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།