ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་ནས་ལོ་ཏོག་བསྡུ་བའི་སྐབས་སུ་མུ་མཐུད་དུ་འཁྲུག་རྩོད་མཚམས་འཇོག་རྒྱུ་ཡིན་པ་ཁས་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་ཚེས་ལྔ་ཉིན་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་རྒྱུན་ལྡན་གྱི་གྲོས་མོལ་སྤེལ་ཏེ། ཕྱོགས་སོ་སོས་ལོ་ཏོག་བསྡུ་བའི་དུས་ཚིགས་སུ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་ནས་མུ་མཐུད་དུ་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁས་ལེན་བྱས།

ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམིགས་བསལ་འཐུས་མི་སཱ་དབྱེ་ཏིས་ཁི་ཡིས་ཚེས་ལྔ་ཉིན་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་གྲོལ་མོལ་མཇུག་སྒྲིལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་ལོ་ཏོག་བསྡུ་བའི་དུས་ཚིགས་ཏེ་ཟླ་དྲུག་པའི་ཚེས་ཉེར་བཞི་ཉིན་ནས་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་བར་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དུ་འཁྲུག་རྩོད་མཚམས་འཇོག་རྒྱུའི་གྲོས་ཐག་བཅད་རྗེས། འཁྲུག་རྩོད་མངོན་གསལ་གྱིས་ཇེ་ཉུང་དུ་སོང་བ་དང་། འཁྲུག་རྩོད་ས་ཁུལ་གྱི་མི་སེར་དཀྱུས་མས་མུ་མཐུད་དུ་འཁྲུག་རྩོད་མཚམས་འཇོག་པར་རེ་སྒུག་ཆེན་པོ་བྱས་ཡོད། དེ་བས་ཕྱོགས་སོ་སོས་མུ་མཐུད་དུ་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁས་ལེན་བྱས་པ་རེད།

སཱ་དབྱེ་ཏིས་ཁི་ཡིས་ད་རུང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་ས་འོག་འགད་རྫས་དང་འགས་གཏོར་སྒྲིག་ཆས་མི་བཀོལ་བར་ས་དེའི་སྡོད་དམངས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕྱོགས་སོ་སོས་གྲོས་ཐག་བཅད་པ་བརྒྱུད། ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་སྐོར་ཐེངས་རྗེས་མའི་གྲོས་མོལ་དེ་ཟླ་བདུན་པའི་ཚེས་བཅུ་དགུའི་ཉིན་སྤེལ་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།