མའོ་ཞི་ཁོ་ཡི་བཙོན་ཁང་ཞིག་ནས་ཟིང་འཁྲུག་བྱུང་སྟེ་མི་ཉེར་བརྒྱད་རྐྱེན་ལམ་དུ་ཤོར།

7月6日,警察抵达墨西哥格雷罗州阿卡普尔科市一所发生骚乱的监狱.jpg

ཟླ་བདུན་པའི་ཚེས་དྲུག་ཉན། ཉེན་རྟོག་པ་མའོ་ཞི་ཁོའི་ཀི་ལོས་ལོ་ཀྲིག་ཨ་ཁཱ་ཕུའུ་ཨར་ཁི་གྲོང་ཁྱེར་གྱི་ཟིང་འཁྲུག་བྱུང་བའི་བཙོན་ཁང་དུ་འབྱོར་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མའོ་ཞི་ཁོའི་ལྷོ་ཕྱོགས་ཀྱི་ཀི་ལོས་ལོ་ཀྲིག་གི་བདེ་འཇགས་སྡེ་ཁག་གི་མགྲིན་ཚབ་པ་ཨེ་ལོས་ཏིས་ཡཱ་ཡིས་ཚེས་དྲུག་ཉིན་བཤད་རྒྱུར། ཀྲིག་དེའི་ཨ་ཁཱ་ཕུའུ་ཨར་ཁི་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་ཟིང་འཁྲུག་བྱུང་སྟེ། མི་ཉེར་བརྒྱད་རྐྱེན་ལམ་དུ་ཤོར་ཟེར།

ཨེ་ལོས་ཏིས་ཡཱ་ཡིས་བཤད་རྒྱུར། ཨ་ཁཱ་ཕུའུ་ཨར་ཁི་གྲོང་ཁྱེར་གྱི་ལཱ་སི་ཁི་ལོས་སེ་སི་བཙོན་ཁང་དུ་ཉིན་དེའི་ཞོགས་པར་ཟིང་འཁྲུག་བྱུང་། ཕྱོགས་ཁག་མི་འདྲ་བའི་བཙོན་མའི་བར་འཁྲུག་རྩོད་བྱུང་སྟེ་མི་ཉེར་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་གསུམ་ལ་རྨས་ཕོག
མིག་སྔར། ཉེན་རྟོག་དང་ཞིབ་དཔྱོད་སྡེ་ཁག་གིས་བཙོན་ཁང་དེ་ཚོད་འཛིན་བྱས་པ་དང་། རྟོག་ཞིབ་ཞིབ་མོ་བྱེད་བཞིན་ཡོད་ཟེར།

ལཱ་སི་ཁི་ལུའུ་སེ་སི་བཙོན་ཁང་ནི་ཀི་ལོས་ལོ་ཀྲིག་གི་བཙོན་མ་ཆེས་མང་བའི་བཙོན་ཁང་ཞིག་ཡིན་པ་དང་། ཧ་ལམ་བཙོན་མ་སྟོང་གཉིས་དང་བརྒྱ་ཙམ་ཡོད་པ་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།