ཀྲུང་གོ་བོད་ཀྱི་དྲ་བ།

ཕོ་བྲང་དཀར་པོས་ཐི་ལིང་ཕུའུ་དང་ཕུའུ་ཅིན་གཉིས་ཀྱིས་ཐུག་འཕྲད་བྱེད་སྐབས་ཨུ་རུ་སིའི་བཀག་སྡོམ་གནད་དོན་ཐད་ནས་བགྲོ་གླེང་བྱས་པ་བདེན་དཔང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕོ་བྲང་དཀར་པོས་ཚེས་བཅུ་ཉིན་བདེན་དཔང་བྱས་པ་ལྟར་ན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་ཚེས་བདུན་ཉིན་ཐུག་འཕྲད་བྱེད་སྐབས། ཨ་མེ་རི་ཁ་ཕྱོགས་ཀྱིས་ཨུ་རུ་སིས་དྲ་ལམ་བརྒྱུད་དེ་ཨ་མེ་རི་ཁའི་ཙུང་ཐུང་འདེམས་བསྐོ་ཐད་འཇབ་རྒོལ་དང་ཐེ་གཏོགས་བྱས་པའི་རྐྱེན་གྱིས་ཨུ་རུ་སི་ལ་བཀག་སྡོམ་བྱེད་པའི་གནད་དོན་ཐད་ནས་བགློ་གླེང་བྱས།

ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཧྲ་ལཱ.སང་ཏི་སིས་ཉིན་དེའི་གསར་འགོད་པའི་གྲོས་ཚོགས་སྟེང་ནས་བདེན་དཔང་བྱས་པ་ལྟར་ན། ཐི་ལང་ཕུའུ་དང་ཕུའུ་ཅིན་གཉིས་ཀྱིས་ཐུག་འཕྲད་བྱེད་སྐབས། ཨ་མེ་རི་ཁ་ཕྱོགས་ཀྱིས་ཨུ་རུ་སིས་དྲ་ལམ་བརྒྱུད་དེ་ཨུ་མེ་རི་ཁའི་ཙུང་ཐུང་འདེམས་བསྐོའི་ཐད་འཇབ་རྒོལ་དང་ཐེ་གཏོགས་བྱས་པའི་རྐྱེན་གྱིས་ཨུ་རུ་སི་ལ་བཀག་སྡོམ་བྱེད་རྒྱུ་ཡིན་པའི་ཐད་ནས་བགྲོ་གླེང་བྱས། སང་ཏི་སིས་ནན་གྱིས་བསྟན་དོན། ཨ་མེ་རི་ཁ་དང་ཨུ་རུ་སིའི་མགོ་ཁྲིད་པས་ཐུག་འཕྲད་བྱེད་སྐབས་ཨུ་རུ་སི་ལ་བཀག་སྡོམ་བྱེད་པའི་སྐོར་ནས་མ་གཏོགས་གླེང་མེད་ཟེར།

སང་ཏི་སི་ཡིས་བཤད་རྒྱུར། ཐི་ལང་ཕུའུ་དང་ཕུའུ་ཅིན་གཉིས་ཀྱིས་ཐུག་འཕྲད་བྱས་རྗེས། ཨ་མེ་རི་ཁས་ཨུ་རུ་སི་ལ་བཀག་སྡོམ་བྱེད་པའི་ལངས་ཕྱོགས་འགྱུར་མེད་ཟེར།

ཐི་ལང་ཕུའུ་དང་ཕུའུ་ཅིན་གཉིས་ཀྱིས་ཚེས་བདུན་ཉིན་འཇར་མན་གྱི་ཧན་པའོ་ནས་ཚོགས་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་སུ་ཐུག་འཕྲད་བྱས།

2014ལོར། ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་ཉེན་ཁའི་རྐྱེན་གྱིས་ཨུ་རུ་སི་ལ་བཀག་སྡོམ་བྱས་མྱོང་བ་དང་། 2016ལོའི་ཟླ་བཅུ་བར། ཨ་མེ་རི་ཁའི་རྒྱལ་ཁོངས་བདེ་འཇགས་པུའུ་དང་རྒྱལ་ཁབ་གསང་འཕྲིན་སྤྱི་ཁྱབ་ལྟ་སྐུལ་གཞུང་སྒྲུབ་ཁང་གིས་མཉམ་འབྲེལ་གསལ་སྒྲོག་སྤེལ་ནས། དྲ་ལམ་འཇབ་རྒོལ་བས་ཨ་མེ་རི་ཁའི་དྲ་རྒྱར་སིམ་འཛུལ་བྱས་པ་མ་ཟད། དམངས་གཙོ་ཏང་གི་ཙུང་ཐུང་གི་འདེམ་སྒུག་མི་སྣ་ཞི་ལ་ལེ.ཁི་ལེན་ཏུང་དང་དམངས་གཙོ་ཏང་གི་ལྡོག་ཕྱོགས་ཀྱི་ཆ་འཕྲིན་ཝེ་ཅི་གསང་འདོན་ལ་འདོན་སྤྲོད་བྱས་པ་ཁྱབ་བསྒྲགས་བྱས ། སྐབས་དེར་ཨ་མེ་རི་ཁའི་ཙུང་ཐུང་གི་འགན་ཁུར་བའི་ཨོ་པཱ་མས2016ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན། ཨུ་རུ་སིས་དྲ་ལམ་བརྒྱུད་དེ་ཨ་མེ་རི་ཁའི་ཙུང་ཐུང་འདེམས་བསྐོའི་ཐད་འཇབ་རྒོལ་དང་ཐེ་གཏོགས་བྱས་པའི་རྐྱེན་གྱིས་ཨུ་རུ་སི་ལ་བཀག་སྡོམ་བྱེད་རྒྱུ་ཡིན་ཞེས་བསྒྲགས་པ་དང་། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨུ་རུ་སིའི་ཕྱི་འབྲེལ་མི་སྣ་སོ་ལྔ་ཨ་མེ་རི་ཁ་ནས་ཕྱིར་བདའ་བ་ཁྱབ་བསྒྲགས་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།