ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡའི་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་ནུས་ལྡན་དུ་གྱུར་བ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་དཔོན་རིགས་ཀྱིས་དེ་ཕྱི་འབྲེལ་འབད་བརྩོན་ལ་ཕན་པ་ཡོད་ཅེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་དེའི་ཚེས་དགུ་ཉིན། ཨ་མེ་རི་ཁ་དང་ཨུ་རུ་སི། ཅོར་ཏན་བཅས་ཀྱི་རྒྱབ་སྐྱོར་འོག་ཏུ། སི་རི་ཡའི་ཞིང་ཆེན་གསུམ་གྱིས་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་དེ་ནུས་ལྡན་དུ་གྱུར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་ཧན་པའོ་ནས་དམག་འཁྲུག་མཚམས་འཇོག་པའི་ཐུན་མོང་གི་ལྟ་བ་བྱུང་། སི་རི་ཡའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་བསྟན་དོན། ཉིན་དེའི་ཉིན་གུང་ནས་བཟུང་གནས་ཚུལ་ཅུང་ཙམ་ཞི་འཇགས་ཡིན་ཟེར།

བསྒྲགས་པའི་གནས་ཚུལ་ལྟརན། ས་དེའི་ཚེས་དགུ་ཉིན་གྱི་ཉིན་གུང་གི་དུས་ཚོད་བཅུ་གཉིས་སྟེང་། སི་རི་ཡའི་ལྷོ་ནུབ་ཕྱོགས་ཀྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་དངོས་སུ་ནུས་ལྡན་དུ་གྱུར་པ་དང་། གྲོས་ཆོད་ཀྱི་ནང་དོན་དང་འབྲེལ་བའི་ས་ཁུལ་ལ་ཏ་ལཱ་དང་སི་ཝེ་ཏ་ཞིང་ཆེན། ཁོས་ཏ་ཏེ་ལཱ་བཅས་འདུ། དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་དེ་ནི་ཉིན་གཉིས་ཀྱི་སྔོན་ལ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ཀྱི་སྐབས་སུ། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་བྱུང་བའི་ཐུན་མོང་གི་ལྟ་བ་རེད། 
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སི་རི་ཡའི་གནད་དོན་གྱི་ཆེད་མངགས་ཕོ་ཉ་ལཱ་མུའུ་ཆི་ཡིས་སི་རི་ཡའི་ལྷོ་ནུབ་ཕྱོགས་ཀྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་དེ་ཕྱི་འབྲེལ་འབད་བརྩོན་ལ་ཕན་པ་ཡོད་པ་དང་། དེ་ནི་ཡང་དག་པའི་ཕྱོགས་སུ་སྤོས་པའི་གོམ་སྟབས་ཤིག་རེད་ཅེས་བསྟོད་བསྔགས་བྱས། ཁོས་ཁ་གསབ་བྱས་ཏེ་འཕེལ་རྒྱས་དེའི་རིགས་ནི་གྲོས་མོལ་བྱེད་པར་འོས་འཚམ་གྱི་ཁོར་ཡུག་ཅིག་བསྐྲུན་པར་ཕན་པ་ཡོད་ཅེས་བཤད། ཁོས་ད་དུང་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་དེ་སི་རི་ཡའི་ས་ཁུལ་གཞན་དག་ནས་ལག་བསྟར་བྱེད་རྒྱུའི་རེ་བ་བཅངས་ཡོད་ཅེས་བཤད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།