ཀུའུ་ཐི་ལེ་སི་ཡིས་ཡེ་ལུའུ་ས་ལུན་མཁར་རྙིང་ནས་བྱུང་བའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཉིན་དེར་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ཏེ། ཡེ་ལུའུ་ས་ལིན་མཁར་རྙིང་དུ་བྱུང་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་།

གསལ་སྒྲོག་ནང་བཤད་རྒྱུར། ཡེ་ལུའུ་ས་ལུན་མཁར་རྙིང་གི་འཇབ་རྒོལ་དོན་རྐྱེན་ལས་དབྱི་སི་རལ་གྱི་ཉེན་རྟོག་པ་གཉིས་བསད་པ་དང་ཉེན་རྟོག་པ་གཅིག་རྨས། འཇབ་རྒོལ་དོན་རྐྱེན་དེས་དྲག་ཤུགས་དོན་རྐྱེན་སྔར་ལས་མང་པོ་སློང་སྲིད་པས། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱིས་ངེས་པར་དུ་འགན་ཁུར་བའི་སྒོ་ནས་བྱ་བ་སྒྲུབ་སྟེ། གནས་བབ་ཛ་དྲག་ཏུ་འགྱུར་དུ་འཇུག་མི་རུང་ཟེར།

ཡེ་ལུའུ་ས་ལུན་མཁར་རྙིང་ནས་ཚེས་བཅུ་བཞི་ཉིན་གྱི་ཞོགས་པར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་། འཇབ་རྒོལ་བ་གསུམ་གྱིས་ཡེ་ལུའུ་ས་ལུན་མཁར་རྙིང་གི་གནས་རི་ཞིག་གི་འདབས་རོལ་ནས་དབྱི་སི་རལ་གྱི་ཉེན་རྟོག་གསུམ་ལ་མེ་མདས་བརྒྱབ་པ་དང་། དེའི་ནང་གི་ཉེན་རྟོག་པ་གཉིས་ལ་སྨན་བཅོས་བྱས་ཀྱང་མ་ཕན་པར་རྐྱེན་ལམ་དུ་ཤོར། འཇབ་རྒོལ་བ་དེའ་རྗེས་སུ་ཉེན་རྟོག་ཕྱོགས་ཀྱིས་བསད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།