ཀྲུང་གོ་བོད་ཀྱི་དྲ་བ།

ཕོ་བྲང་དཀར་པོས་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་ཆད་ཀྱི་ཞིབ་དཔྱོད་དཔོན་པོ་དམིགས་བསལ་བློ་འདོན་པར་བསྐོ་འཇོག་བྱས་ནས། ཨུ་རུ་སི་ལ་འབྲེལ་འདྲིས་བྱེད་པའི་དོན་རྐྱེན་ལ་ལྟ་སྐུལ་དོ་དམ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཚེས་བཅོ་ལྔ་ཉིན། ཕོ་བྲང་དཀར་པོས་ཁྱབ་སྒྲོག་བྱས་པ་ལྟར་ན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་ཆད་ཀྱི་ཞིབ་དཔྱོད་དཔོན་པོ་ཁི་པུའུ་ཕོ་བྲང་དཀར་པོའི་དམིགས་བསལ་བློ་འདོན་པར་བསྐོ་འཇོག་བྱས།

ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་རྒྱའི་སྟེང་བསྒྲགས་པའི་གནས་ཚུལ་ལྟར་ན། ཕོ་བྲང་དཀར་པོས་གསལ་སྒྲོག་སྤེལ་ཏེ་ཁི་པུའུ་ནི་ཝ་ཧྲིང་ཐོན་ཧི་ཅིན་ལུའུ་བེ་ཁྲིམས་རྩོད་པའི་ལས་དོན་ཁང་གི་ལག་ལེན་བརྟག་དཔྱད་ཀྱི་མཉམ་ལས་གྲོགས་པོ་ཡིན་ཟེར། ཕོ་བྲང་དཀར་པོའི་དཔོན་རིགས་ཤིག་གིས་ཁི་པུའུ་ཡིས་ཨུ་རུ་སི་ལ་འབྲེལ་འདྲིས་བྱེད་པའི་དོན་རྐྱེན་བརྟག་དཔྱད་བྱེད་པའི་ཁྲིམས་ལུགས་དང་སྨྱན་བྱད་ལ་ལན་འདེབས་པའི་དོན་དག་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུ་ཡིན་ཞེས་བཤད།

ཁི་པུའུ་ནི་ཁྲིམས་རྩོད་པ་རྒན་པ་ཞིག་ཡིན་ལ། ཧ་ཧྥོ་སློབ་ཆེན་ནས་མཐར་ཕྱིན་རྗེས། ཆའོ་ཀྲི་ཏུའུ་སློབ་གྲྭ་ནས་ཁྲིམས་རིག་པའི་ཐོབ་ཐང་བླངས་པ་ཡིན།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།