འཇར་མན་སྲིད་གཞུང་གིས་འཇར་མན་གྱི་སྤྱི་དམངས་གཉིས་ཨེ་ཅིབ་རྒྱལ་ཁབ་ཀྱི་ཧི་ཨར་ཀི་ཏ་གྲོང་ཁྱེར་དུ་གནས་སྐོར་བར་འཇབ་རྒོལ་བྱས་པའི་དོན་རྐྱེན་ཁྲོད་དུ་ཚེ་ལས་འདས་པ་བདེན་དཔང་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་ཕྱོགས་སྨྱན་བྱད་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། འཇར་མན་སྲིད་གཞུང་གིས་འཇར་མན་གྱི་སྤྱི་དམངས་གཉིས་ཨེ་ཅིབ་རྒྱལ་ཁབ་ཀྱི་ཧི་ཨར་ཀི་ཏ་གྲོང་ཁྱེར་དུ་གནས་སྐོར་བར་འཇབ་རྒོལ་བྱས་པའི་དོན་རྐྱེན་ཁྲོད་དུ་ཚེ་ལས་འདས་པ་བདེན་དཔང་བྱས།

འཇར་མན་ཕྱི་འབྲེལ་པུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། མིག་སྔར་ང་ཚོས་ཡིད་སྐྱོ་བའི་ངང་འཇར་མན་གྱི་གནས་སྐོར་བ་གཉིས་ཧི་ཨར་ཀི་ཏ་གྲོང་ཁྱེར་ནས་འཇབ་རྒོལ་དོན་རྐྱེན་བྱུང་བའི་ཁྲོད་ཚེ་ལས་འདས་པ་བདེན་དཔང་བྱས།

ཚེས་བཅུ་བཞི་ཉིན། ལོ་ཉེར་བརྒྱད་ཡིན་པའི་སྐྱེས་པ་ཞིག་གིས་གྲི་བཟུང་སྟེ་ཧི་ཨར་ཀི་ཏ་གྲོང་ཁྱེར་གྱི་མགྲོན་ཁང་ཞིག་གི་སྤྱི་ཐུན་ཐང་ཆེན་དུ་བརྒྱུགས་ཏེ་ཕྱི་རྒྱལ་གྱི་གནས་སྐོར་བར་འཇབ་རྒོལ་བྱས་མཐར། འཇར་མན་གྱི་གནས་སྐོར་བ་གཉིས་ཚེ་ལས་འདས་པ་དང་། ཡ་མེ་ནི་ཡ་དང་ཅེ་ཁེ། ཨུ་རུ་སི་བཅས་ཀྱི་གནས་སྐོར་བ་བཞི་རྨས།

འཇབ་རྒོལ་བྱེད་མཁན་ད་ལྟ་བཟུང་ཟིན་པ་དང་ཁོས་འཇབ་རྒོལ་བྱས་པའི་དམིགས་ཡུལ་གནས་སྐབས་སུ་གསལ་བོར་མི་ཤེས། རྒྱུ་ཆ་ལས་གསལ་བོར་བསྟན་པ་ལྟར་ན། མི་དེ་ལ་སྨྱོ་ནད་བྱུང་ཡོད་པ་འདྲ་ལ། འཇིགས་སྐུལ་པའི་འཇབ་རྒོལ་དང་འཁྲུག་རྩོད་ལ་བརྟེན་ནས་སྐྱོ་གར་དེ་བཟོས་བའི་བཤད་སྲོལ་ཡང་ཡོད།    །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།