ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་དམག་མི་གཉིས་ལ་ཨ་ཧྥུའུ་ཧན་ནས་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས་གཉིས་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་དམག་མི་གཉིས་ཀྱིས་ཨ་ཧྥུའུ་ཧན་ལྷོ་ཕྱོགས་ཀྱི་ཁན་ཏཱ་ཧཱ་ཞིང་ཆེན་དུ་ལས་འགན་ལག་བསྟར་བྱེད་སྐབས་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་ཟེར།

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཏའེ་ཝེ་སི་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བསྟན་དོན། དམག་མི་གཉིས་ཀྱིས་འགོག་སྲུང་ལས་འགན་ལག་བསྟར་བྱེད་སྐབས་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་བ་དང་། ཨ་མེ་རི་ཁས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

ཨ་མེ་རི་ཁཱ་གཙོ་བྱས་པའི་ཨ་ཧྥུའུ་ཧན་རྒྱལ་སྤྱིའི་བདེ་འཇགས་རོགས་སྐྱོར་དམག་དཔུང་གི་འཐབ་འཛིང་ལས་འགན་ཉིས་སྟོང་བཅུ་བཞིའི་ལོར་ཡོངས་འགྲུབ་བྱས་པ་དང་། དེའི་རྗེས་སུ་གཙོ་བོ་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་ལ་གསོ་སྦྱོང་དང་ལག་རྩལ་སོགས་ཐད་ཀྱི་རྒྱབ་སྐྱོར་བྱེད་དགོས། མིག་སྔར་ཨ་ཧྥུའུ་ཧན་དུ་སྡད་པའི་ཨ་མེ་རི་ཁའི་དམག་མི་སྟོང་བརྒྱད་དང་བཞི་བརྒྱད་པ་དང་། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གཞན་པས་ཨ་ཧྥུའུ་ཧན་ནས་དམག་དཔུང་བཀའ་སྡོད་བྱེད་པའི་མི་སྟོང་ལྔ་ཙམ་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།