ཀྲུང་གོ་བོད་ཀྱི་དྲ་བ།

ཅན་ཆའོ་ཞུས་ཀྲི་མུའོ་ཡི་སྙན་ངག་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པ་འགོ་ཚུགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་7ཚེས་29ཉིན་ཅན་ཆའོ་ཡི་ཞུས་ཀྲི་མུའོ་སྙན་ངག་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པ་དབྱིན་ཇིའི་ཅན་ཆའོ་སློབ་ཆེན་རྒྱལ་པོའི་སློབ་གླིང་དུ་འགོ་ཚུགས་པ་རེད། འཛམ་གླིང་ས་ཕྱོགས་ཁག་ནས་ཡོང་པའི་སྙན་ངག་པ་དང་། རྩོམ་རིག་མཁས་ཅན། སྒྱུ་རྩལ་མཁས་ཅན། མཁས་དབང་བཅས་100ལྷག་ཙམ་ཀུན་གྱིས་དད་མོས་བྱེད་པའི་ཀྲུང་གོའི་སྙན་ངག་པ་ཞུས་ཀྲི་མུའོ་ཡི་སྙན་རྩོམ་《ཁང་ཟམ་པ་སླར་ཡང་ག་ལེ་བཞུགས་》ཞེས་པའི་ནང་མཚོན་པའི་ཁང་གཙང་པོའི་ངོགས་སུ་མཉམ་འཛོམས་བྱས་ཏེ་སྙན་ངག་གྱེར་འདོན་དང་སྤེལ་རེས་བྱས་པ་དང་རིག་གཞུང་བགྲོ་གླེང་ཚོགས་འདུ་དང་བརྗོད་དོན་གཙོ་བོའི་སྒྱུ་རྩལ་འགྲེམས་སྟོན་གཉེར་བ་རེད།

སྐབས་འདིའི་སྙན་ངག་དུས་ཆེན་དུས་ཡུན་ཉིན་གཉིས་གཉེར་རྒྱུ་དང་གདན་ཞུས་ལྟར་ཞུགས་པའི་གྲགས་ཅན་སྙན་ངག་པ་20ཙམ་ནང་ཀྲུང་གོའི་སྙན་ངག་པ་ཅི་ཏི་མ་ཅ་དང་དབྱང་ཁེ་དང་། དབྱི་རག་གི་སྙན་ངག་པ་ཨ་ཏེ་ནན·ས་དབྱི་ཀེ། རྒྱ་གར་གྱི་སྙན་ངག་པ་སང་ཏི་ཕུ·ཕར་མ་ལ། དབྱིན་ཇིའི་སྙན་ངག་པ་ལུའུ་ཤིས·ཧན་སྨིར་ཏུན་དང་ཀྲན་མུའུ་སི·པོ་ཨེན་སོགས་ཡོད་པ་རེད།

སྙན་ངག་དུས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“ཁང་གཙང་པོ·ཁང་ཟམ་པ”ཞེས་པ་དེ་ཡིན་སྟབས་སྙན་ངག་པ་ཚོའི་བརྩམས་ཆོས་ཚང་མ“གཙང་པོ་དང་ཟམ་པ”དང་འབྲེལ་བ་ཡོད་ཅིང་། དོན་དངོས་འཚོ་བའི་ཁྲོད་ཀྱི་གཙང་པོ་དང་ཟམ་པ་ཡོད་ལ་སྦྲེལ་ཐག་གི་ནུས་པ་ལྡན་པར་དཔེ་བཞག་པའི་གཙང་པོ་དང་ཟམ་པའང་ཡོད། སྙན་ངག་པ་ཚོས་རང་སོ་སོའི་སྙན་རྩོམ་གྱེར་འདོན་བྱས་པ་མ་ཟད་སྙན་ངག་གསར་རྩོམ་བྱེད་པའི་རིག་པ་ཐོལ་སྐྱེས་དང་ཉམས་མྱོང་ཡང་གྲོས་བསྡུར་དང་མཉམ་སྤྱོད་ཀྱང་བྱས་པ་རེད།

ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཅི་ཏི་མ་ཅ་ཡིས་འདི་ལོ་ཀྲུང་གོའི་སྙན་ངག་གསར་པ་ཐོན་ནས་ལོ་100འཁོར་བའི་ལོ་ཡིན་ལ་སྐུ་ཞབས་ཞུས་ཀྲི་མུའོ་འཁྲུངས་ནས་ལོ་120འཁོར་བའི་ལོ་ཞིག་ཀྱང་ཡིན་པས་སྐབས་འདིའི་སྙན་ངག་དུས་ཆེན་དེར་དམིགས་བསལ་གྱི་དོན་སྙིང་ལྡན་པ་དང་ཀྲུང་གོའི་སྙན་ངག་གསར་པར་གུས་བཀུར་བྱས་པ་ཞིག་རེད་ཅེས་གསུངས་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།