ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱི་དཔོན་རིགས་ཀྱིས་དབྱིན་ཇིས་ཉིས་སྟོང་ཉི་ཤུའི་ལོའི་སྔོན་ལ་ཡོ་རོབ་གླིང་མནའ་འབྲེལ་དང་ཁ་འབྲལ་བའི་གྲོན་དངུལ་སྤྲོད་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་མནའ་འབྲེལ་སྔོན་རྩིས་ཨུ་ཡོན་ཨིག་ཐིན་ཀི་ཡིས་བསྟན་དོན། དབྱིན་ཇི་ཡིས་ཉིས་སྟོང་ཉི་ཤུ་ལོའི་སྔོན་ལ་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོན་དངུལ་སྤྲོད་དགོས་ཟེར།

བསྒྲགས་པ་ལྟར་ན། ཨིག་ཐིན་ཀི་ཡིས་ཚེས་བདུན་ཉིན་བཤད་རྒྱུར། ཉུང་མཐར་ཡང་ཉིས་སྟོང་ཉི་ཤུ་ལོའི་སྔོན་ལ། ལོན་ཏོན་གྱིས་ཡོ་རོབ་གླིང་མནའ་འབྲེལ་ལ་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོན་དངུལ་སྤྲོད་དགོས་ཟེར།

ཨིག་ཐིན་ཀི་ཡིས་བལྟས་ན། དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བ་ལས་ཡོ་རོབ་གླིང་མནའ་འབྲེལ་གྱི་སྔོན་རྩིས་ཁྲོད་ལོ་རེར་ཡོ་སྒོར་ཐེར་ཆེན་གཅིག་ནས་ཐེར་ཆེན་གཅིག་དང་ཐེར་འབུམ་གཉིས་ཆད་འགྲོ་བར་འདོད།

དབྱིན་ཇིའི་སྲིད་གཞུང་གི་མི་སྣས་བཤད་པ་ལྟར་ན། ལོན་ཏོན་གྱིས་ཡོ་སྒོར་ཐེར་ཆེན་བཞི་བཏང་ནས་ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་རྗེས་ཀྱི་ཡོ་རོབ་གླིང་མནའ་འབྲེལ་གྱི་ནོར་སྲིད་འོས་འགན་རྩིས་མེད་དུ་གཏོང་རྩིས་ཡོད་ཟེར།

ཉིས་སྟོང་བཅུ་དྲུག་ལོའི་ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན། དབྱིན་ཇིའི་སྤྱི་དམངས་ཡོངས་ཀྱིས་བརྡས་ཐག་བཅད་དེ་ཡོ་རོབ་གླིང་མནའ་འབྲེལ་ལས་ཕྱིར་འབུད་རྒྱུ་ཐག་བཅད་པ་རེད། ལོན་ཏོན་གྱིས་ད་ལོའི་ཟླ་གསུམ་པའི་ཚེས་ཉེར་དགུའི་ཉིན་དངོས་སུ་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་འཕེལ་རིམ་མགོ་བརྩམས་པར་མ་ཟད། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁི་ལ་འབྲེལ་ཡོད་བརྡ་ཐོའི་འཕྲིན་ཡིག་བསྐུར་བ་རེད།

ལི་སི་པིན་ཆིངས་ཡིག་གི་དོན་ཚན་ལྔ་བཅུ་བ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་ལས་ཕྱིར་འབུད་འདོད་ཡོད་པའི་རྒྱལ་ཁབ་ཀྱིས་དངོས་སུ་བརྡ་ཐོ་བཏང་རྗེས་ཀྱི་ལོ་གཉིས་ཀྱི་རྗེས་ནས་ཁ་བྲལ་ཆོག་པ་རེད། དེ་བས་དབྱིན་ཇི་ཉིས་སྟོང་བཅུ་དགུ་ལོའི་ཟླ་གསུམ་པའི་ཚེས་ཉེར་དགུའི་ཉིན་དངོས་སུ་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་དགོས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།