ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་གྱིས་ཡང་བསྐྱར་མཉམ་འབྲེལ་རྒྱལ་ཚོགས་ལ་ཁོངས་གཏོགས་རྒྱལ་ཁབ་དངོས་མའི་ཐོབ་ཐང་གི་རེ་ཞུ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་མཱ་ལེ་ཅི་ཡིས་ཚེས་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཡང་བསྐྱར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་རེ་ཞུ་བཏོན་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་བའི་རེ་བ་བཏོན།

མཱ་ལེ་ཅི་ཡིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་ནས་སུའེ་ཏེན་གྱི་ཞི་བདེའི་ཆེད་མངག་ཕོ་ཉ་ཨོ་ཨར་ནེ་ཡུག་སི་ལ་ཐུག་འཕྲད་བྱས་རྗེས་སྤྱི་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་བར་རེ་ཞུ་བྱེད་པ་ནི་ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་སྒྲུབ་དགོས་པའི་དོན་དག་ཡིན་ཟེར།

ཉིས་སྟོང་བཅུ་གཅིག་ལོའི་ཟླ་དགུ་བར། ཕཱ་ལེ་སི་ཐན་གྱི་མགོ་ཁྲིད་པ་ཨ་པཱ་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ལ་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུགས་པའི་རེ་ཞུ་སྤྲད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་བའི་རེ་བ་བཏོན་ཡང། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་མཐུན་མ་བྱུང་། ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུའི་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་རེ་བདུན་པས་གྲོས་ཆོད་བཀོད་དེ། ཕཱ་ལེ་སི་ཐན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་ཞིབ་རྒྱལ་ཁབ་ཀྱི་གོ་གནས་བྱིན་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།