ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་སུའུ་ཏཱན་རྒྱལ་ཁབ་ཏུ་སྐྱུག་བཤལ་གྱི་རིམས་ནད་བྱུང་ནས་ཉུང་མཐར་ཡང་མི328གྲོངས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མི་དམངས་དྲ་བའི་འཕྲིན། ཅུ་པཱ(Juba)གྲོང་ཁྱེར་ནས་འབྱོར་བའི་གནས་འཕྲིན། རྒྱལ་སྤྱིའི་གནས་སྤོས་ཡུལ་མི་རྩ་འཛུགས་ཀྱིས་ཟླ8ཚེས8ཉིན་ལྷོ་སུའུ་ཏཱན་རྒྱལ་ཁབ་ཀྱི་རྒྱལ་ས་ཅུ་པཱ་གྲོང་ཁྱེར་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུར་སྤེལ་བའི་སྤྱི་བསྒྲགས་སུ། 2016ལོའི་ཟླ6ཚེས18ཉིན་ནས་བཟུང་། ལྷོ་སུའུ་ཏཱན་རྒྱལ་ཁབ་ཏུ་སྐྱུག་བཤལ་གྱི་རིམས་ནད་ནད་རྟགས་ཁྲི1.8བྱུང་བའི་སྙན་ཞུ་འབྱོར་ཡོད་ལ། དེའི་ནང་ཉུང་མཐར་ཡང་མི328གྲོངས་ཡོད་པ་རེད།

སྤྱི་བསྒྲགས་སུ། 2013ལོའི་ཟླ12པར་ལྷོ་སུའུ་ཏཱན་རྒྱལ་ཁབ་ཏུ་ཟིང་འཁྲུག་ལངས་ནས་ད་ལྟའི་བར་དུ། མི་ཁྲི400ལྷག་ཡུལ་གྱར་མཁན་དུ་གྱུར་པ་དང་། འབྲུ་རིགས་ཆད་ཚུལ་ཚུལ་སྔར་བཞིན་ཚབས་ཆེན་ཡིན་པས། སྐྱུག་བཤལ་ཀྱི་རིམས་ནད་དབང་གིས་མི་ཆོས་རིང་ལུགས་རོགས་སྐྱོར་གྱི་དགོས་པ་ཇེ་ཆེར་གྱུར་ཚུལ་བརྗོད་ཡོད་པ་རེད།

སྤྱི་བསྒྲགས་སུ། སྐྱུག་བཤལ་གྱི་རིམས་ནད་ནི་ཡུལ་གྱར་མཁན་དང་ཉམས་ཞན་ཚོ་པའི་ཁྲོད་དུ་འགོས་ཚབས་ཆེ་བ་དང་། 2017ལོའི་སྙན་ཞུའི་ནད་རྟགས་སུ། ལོ་5མན་ཆད་ཀྱི་ཕྲུ་གུ་བསྡོམས་འབོར་ནི་20%བརྒལ་འདུག་ཅེས་བརྗོད་པ་རེད།
སྤྱི་བསྒྲགས་སུ། ད་དུང་སྐྱུག་བཤལ་གྱི་རིམས་ནད་བྱུང་ཁུལ་མང་པོ་ཞིག་ནི་ཉི་ལུའོ་གཙང་པོ་དང་ཐག་ཉེ་ལ། ཆར་དུས་ཀྱི་ཆར་ཆུ་འབབ་ཚད་མང་དུ་སོང་བ་དང་བསྟུན་ནས། རིམས་ནད་འགོས་ཚད་ཀྱང་ཇེ་དྲག་ཏུ་གྱུར་ཚུལ་བརྗོད་ཡོད་པ་རེད།
སྐྱུག་བཤལ་གྱི་ནད་ནི་སྐྱུག་བཤལ་གྱི་འབུ་ཕྲ་ལས་བྱུང་བའི་མྱུར་གཤིས་རྒྱུ་མའི་འགོས་ནད་ཅིག་ཡིན་ལ། ནད་ཕོག་མཁན་སྐྱུག་མེར་ལང་བ་དང་། གྲོད་ཁོག་བཤལ་བ། ལུས་ཆུ་ཤོར་བ། ཚ་བ་རྒྱས་པ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད་པ་རེད། ནད་རྟགས་ལྕི་བ་དང་སྨན་བཅོས་དུས་འགྱངས་བཏང་ན་གྲོངས་འགྲོ་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།