ཀྲུང་གོ་བོད་ཀྱི་དྲ་བ།

གྲོང་ཁྱེར་ཤིའུ་སི་ཏུན་དུ་བདེ་འཇགས་ཀྱི་འཆད་ཁྲིད་བྱས་ནས་ཕྱི་ཁོངས་ཀྲུང་གོ་བའི་སྡེ་ཁུལ་ལ་སྲུང་སྐྱོབ་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མི་དམངས་དྲ་བའི་འཕྲིན། ཕྱི་ཁོངས་ཀྲུང་གོ་བའི་སྡེ་ཁུལ་དུ་ཉེས་གསོག་ཉུང་དུ་གཏོང་བ་དང་ཕྱི་ཁོངས་ཀྲུང་གོ་བའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱ་ཕྱིར། ཨ་རིའི་གྲོང་ཁྱེར་ཤིའུ་སི་ཏུན་གྱི་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པ་20ལྷག་གིས་ཚེས་5ཉིན་རང་མོས་ངང་བདེ་འཇགས་ཀྱི་འཆད་ཁྲིད་སྤེལ་ནས་ས་གནས་དེ་གའི་ཉེན་རྟོག་སོགས་སྡེ་ཚན་གྱི་དཔོན་རིགས་ཀྱིས་སྡེ་ཁུལ་གྱི་གྲོང་མིར་འགོག་སྲུང་ཤེས་བྱ་བསླབས་པ་དང་སྦྲགས། སྲིད་གཞུང་སྡེ་ཚན་ལ་བདེ་སྲུང་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཞུས་པ་རེད།

གྲོང་ཁྱེར་ཤིའུ་སི་ཏུན་ཉེན་རྟོག་ཅུས་དང་ཞིབ་དཔྱོད་ཁང་སོགས་ཁྲིམས་ལག་བསྟར་སྒྲིག་གཞིའི་མི་10ལྷག་དེ་ཉིན་གྱི་འཆད་ཁྲིད་ལ་ཞུགས་ནས། ས་ཆ་དངོས་སུ་ཡོད་པའི་གྲོང་ཁྱེར་ཤིའུ་སི་ཏུན་རྒྱ་ཁྲོམ་དུ་འཚོ་སྡོད་བྱེད་མཁན་ཕྱི་ཁོངས་ཀྲུང་གོ་བའི་གྲོང་མི་བརྒྱ་ལྷག་ལ་བདེ་སྲུང་ཤེས་བྱ་འཆད་ཁྲིད་བྱས་པ་རེད། འཆད་ཁྲིད་སྒྲིག་འཛུགས་བྱེད་མཁན་ཕྱོགས་ཀྱིས་རྒྱ་ཆེའི་མང་ཚོགས་ཀྱི་ཚབ་ཞུས་ཏེ་སྲིད་གཞུང་སྡེ་ཚན་ལ་ཡི་གེ་ཕུལ་ནས་ཕྱི་ཁོངས་ཀྲུང་གོ་བའི་སྡེ་ཁུལ་ལ་བདེ་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་བཏོན་པ་རེད།
གྲོང་ཁྱེར་ཤིའུ་སི་ཏུན་གནས་སའི་ཧ་ལི་སི་ཅུན་གྱི་ཞིབ་དཔྱོད་ཀྲང་ཅི་ཅི་མུའུ·ཨའོ་ཀེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། གྲོང་ཁྱེར་ཤིའུ་སི་ཏུན་གྱི་རྒྱ་ཁྲོམ་ས་ཁུལ་ནི་གྲོང་ཁྱེར་ཧྲིལ་པོའི་འཕྲོག་བཅོམ་ཉེས་གསོག་ཐོན་མང་ཤོས་ཀྱི་ས་ཁུལ་ཨང་གཉིས་པ་རེད། འཕྲོག་བཅོམ་བྱེད་པ་དང་དུས་མཚུངས་ལྐོག་གསོད་བྱེད་པའི་ཉེས་གསོག་ལ་བཟོད་པ་བྱེད་ཐབས་བྲལ་བས། ཆད་པ་གཅོད་དགོས་ངེས་རེད། ཞིབ་དཔྱོད་ཁང་གིས་ཉེན་རྟོག་ཕྱོགས་དང་མཉམ་ལས་བྱེད་མུས་ཡིན་པས། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རྒྱ་ཁྲོམ་ས་ཁུལ་གྱི་འཕྲོག་བཅོམ་ཉེས་གསོག་ཉུང་དུ་གཏོང་རྒྱུ་ཡིན་ཞེས་བཤད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།