ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་པུའུ་ཀྲང་གིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་ལས་ས་ཁུལ་དེ་གར་ཕན་པ་རྒྱུན་མཐུད་ཐོབ་རྒྱུ་རེད་ཅེས་བཤད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་པུའུ་ཀྲང་གིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་ལས་ས་ཁུལ་དེ་གར་ཕན་པ་རྒྱུན་མཐུད་ཐོབ་རྒྱུ་རེད་ཅེས་བཤད་པ། 

 ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་པུའུ་ཀྲང་གིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་ལ་ཐོན་པའི་ནུས་པ་ཉིན་བཞིན་ཆེ་རུ་འགྲོ་བ་དང་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་ལས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་མུ་མཐུད་ཕན་པ་ཐོབ་རྒྱུ་རེད་ཅེས་བཤད།ཚེས5ཉིན་ཨེ་ཤེ་ཡ་ཤར་ལྷོའི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་ཧྥི་ལི་ཕིན་གྱི་རྒྱལ་ས་མ་ནི་ལར་འཚོགས་པ་དང་། ཚེས6ཉིན་གྱི་དགོང་མོ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་མཐའ་མཇུག་གཏན་འཁེལ་བྱས་པའི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུའི་མཉམ་འབྲེལ་གསལ་བསྒྲགས་ཁྱབ་བསྒྲགས་བྱས་པ་རེད། གསལ་བསྒྲགས་ནང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་མ་འོངས་པར་ཀྲུང་གོའི་མཐོ་རིམ་དབར་སྐད་ཆ་ཤོད་རེས་དང་སྤེལ་རེས་དེ་བས་མང་བ་བྱས་ཏེ་དཔལ་འབྱོར་མཉམ་འདྲེས་ཆུ་ཚད་མུ་མཐུད་མཐོ་རུ་བཏང་ནས2020ལོར་སླེབས་སྐབས་ཕྱོགས་གཉིས་ཀའི་ཉོ་ཚོང་དང་ཕན་ཚུན་དབར་གྱི་མ་འཇོག་གཞི་ཁྱོན་སོ་སོར་ཨ་སྒོར་དུང་ཕྱུར་ཁྲི1དང་ཨ་སྒོར་དུང་ཕྱུར1500ཟིན་རྒྱུའི་དམིགས་ཚད་གཉིས་བདེ་བླག་ངང་མངོན་འགྱུར་ཡོང་བའི་རེ་བ་བྱེད་པ་མ་ཟད། ཕྱོགས་ཡོངས་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་བཞག་པའི་རང་མོས་ཚོང་དོན་གྱི་རིམ་སྤོར་པར་གཞི་ལག་ལེན་བསྟར་རྒྱུའི་རེ་བ་ཡོད་ཅེས་འཁོད་ཡོད།གསལ་བསྒྲགས་ནང2018ལོ་ནི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་15འཁོར་བའི་ལོ་ཞིག་ཡིན་པས2018ལོར“ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གསར་གཏོད་ལོར”གཏན་འཁེལ་བྱ་རྒྱུའི་རེ་བ་ཡོད། དེ་དང་དུས་མཚུངས“ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་2030ལོའི་འདུན་པ”བཟོས་ཏེ་ཐུན་མོང་ཐོག་ཕྱོགས་གཉིས་པོའི་འབྲེལ་བའི་འཆར་གཞི་འགོད་རྒྱུའི་རེ་བ་ཡོད་ཅེས་འཁོད་ཡོད།གསལ་བསྒྲགས་ནང་ད་དུང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཡུལ་སྐོར། མཁའ་དབྱིངས་སྐྱེལ་འདྲེན། རུལ་སུངས་ལ་ངོ་རྒོལ་དང་ཁོར་ཡུག་སྲུང་སྐྱོང་སོགས་ལ་མཉམ་ལས་བྱ་རྒྱུའི་རེ་བ་ཡོད་ཅེས་འཁོད་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།