ཀྲུང་གོ་བོད་ཀྱི་དྲ་བ།

ཁོ་རེ་ཡ་ལྷོ་མའི་ཞིབ་དཔྱོད་ཕྱོགས་ཀྱིས་སྐར་གསུམ་གློག་རྡུལ་ཚོགས་པའི་ཚོགས་གཙོ་གཞོན་པ་ལི་ཙའེ་རུང་ལ་བཙོན་དུ་ལོ12འཇུག་པའི་ཉེས་ཆད་གཅོད་རྒྱུའི་གྲོས་འགོ་བཏོན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༄༅།།ཁོ་རེ་ཡ་ལྷོ་མའི་ཞིབ་དཔྱོད་ཕྱོགས་ཀྱིས་སྐར་གསུམ་གློག་རྡུལ་ཚོགས་པའི་ཚོགས་གཙོ་གཞོན་པ་ལི་ཙའེ་རུང་ལ་བཙོན་དུ་ལོ་12འཇུག་པའི་ཉེས་ཆད་གཅོད་རྒྱུའི་གྲོས་འགོ་བཏོན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8ཚེས7ཉིན། ཁོ་རེ་ཡ་ལྷོ་མའི་སྐར་གསུམ་གློག་རྡུལ་ཚོགས་པའི་ཚོགས་གཙོ་གཞོན་པ་ལི་ཙའེ་རུང་གིས་ཙུང་ཐུང་ཟུར་པ་ཕིའོ་ཅིན་ཧུའེ་ལ་ལྐོག་རྔན་སྤྲད་པའི་གྱོད་གཞིའི་སྐོར་ལ་དམིགས་ནས་ཚེས7ཉིན་ཞིབ་དཔྱོད་དཔོན་གྱིས་སེ་འོལ་ཀྲུང་དབྱང་ས་གནས་ཁྲིམས་ཁང་ལ་སྐར་གསུམ་གློག་རྡུལ་ཚོགས་པའི་དོན་དངོས་ཀྱི“དབང་འཛིན་པ”དེར་བཙོན་དུ་ལོ12འཇུག་པའི་ཉེས་ཆད་གཅོད་རྒྱུའི་གྲོས་འགོ་བཏོན་པ་རེད། ཁོ་རེ་ཡ་ལྷོ་མའི་རྒྱལ་ས་སེ་འོལ་དུ་སྐར་གསུམ་གློག་རྡུལ་ཚོགས་པའི་ཚོགས་གཙོ་གཞོན་པ་ལི་ཙའེ་རུང་(གཡས་)སེ་འོལ་ཀྲུང་དབྱང་ས་གནས་ཁྲིམས་ཁང་དུ་ལྟ་སྐྱེལ་བྱེད་པ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།