ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱང་ཕྱོགས་ས་ཁུལ་ནས་དྲག་ཤུགས་འཁྲུག་རྩོད་བྱུང་སྟེ་མི་ཉེར་བཞི་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་སྨན་བཅོས་རོགས་སྐྱོར་རྩ་འཛུགས་རྒྱལ་ཁོངས་ཀྱི་ཁྱད་པར་མེད་པའི་སྨན་པ་ཞེས་པས་ཚེས་བཅུའི་ཉིན་སྤྱི་སྒྲོག་སྤེལ་ཏེ། ཉེ་སྔོན་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱང་ཕྱོགས་ས་ཁུལ་གྱི་པཱ་ཐན་ཅཱ་ཧྥུའུ་གྲོང་ཁྱེར་ནས་དྲག་ཤུགས་འཁྲུག་རྩོད་བྱུང་སྟེ། ཉུང་མཐར་ཡང་མི་ཉེར་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་བདུན་ལ་རྨས་ཕོ་ཡོད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། སྔོན་ཆད་ཀྱི་སེ་ལེ་ཁཱ་མནའ་འབྲེལ་གྱི་ཁོངས་མི་དང་ས་དེའི་རང་སྲུང་རུ་ཁག་གི་དྲག་ཆས་པས་ཟླ་སྔོན་མའི་ཚེས་ཉེར་དགུའི་ཉིན་ནས་ཟླ་འདིའི་ཚེས་གཅིག་ཉིན་པཱ་ཐན་ཅཱ་ཧྥུའུ་ནས་འཁྲུག་རྩོད་ཐེངས་གཉིས་བྱས་པ་དང་། རིམ་བསགས་ཀྱིས་ཉུང་མཐར་ཡང་མི་ཉེར་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་བདུན་ལ་རྨས་ཕོག་ཡོད་ཟེར། འཁྲུག་རྩོད་བྱས་པའི་ཕྱོགས་ཁག་གཉིས་ཀྱི་རྨས་མ་དག་མིག་སྔར་རྒྱལ་ཁོངས་ཀྱི་ཁྱད་པར་མེད་པའི་སྨན་པས་མྱུར་སྐྱོབ་བྱེད་བཞིན་ཡོད། བསྟུད་མར་འཁྲུག་རྩོད་བྱུང་བ་ལས་མི་ཁྲི་གཅིག་ཙམ་ཡུལ་འཁྱམ་བྱེད་བཞིན་ཡོད་པ་དང་། ཡུལ་གྱར་བའི་སྒར་ས་ཞིག་ལ་ཐེངས་འདིའི་འཁྲུག་རྩོད་ཁྲོད་འཕྲོག་བཅོམ་ཐེབས་པར་མ་ཟད། མེ་སྐྱོན་གྱི་འཇིགས་པ་བྱུང་བ་རེད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།