ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་སཱ་ཏི་ཞེས་པའི་འཕུར་མདའི་འགོག་སྲུང་མ་ལག་ལ་ངོ་རྒོལ་བྱེད་པའི་ཚོགས་ཁག་དྲུག་གིས་སྲིད་གཞུང་གིས་སཱ་ཏི་བཀོད་སྒྲིག་བྱེད་མཚམས་འཇོག་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཞིན་ཀྲིག་དང་ཅིན་ཆོན་གྱི་མང་ཚོགས་དང་། སཱ་ཏི་ཞེས་པའི་འཕུར་མདའི་འགོག་སྲུང་མ་ལག་ལ་ངོ་རྒོལ་བྱེད་པའི་ཚོགས་ཁག་དྲུག་གིས་ཚེས་བཅུའི་ཉིན་ཧན་གོའི་ཆིན་ཧྲང་བྱང་ལམ་གྱི་ཞིན་ཀྲིག་རྫོང་གི་སཱ་ཏི་བཀོད་སྒྲིག་བྱེད་སའི་ཉེ་འདབས་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། ཧན་གོའི་སྲིད་གཞུང་གིས་ཉིན་དེར་སྤེལ་བར་ཐག་བཅད་ཡོད་པའི་ཞིན་ཀྲིག་སཱ་ཏི་རྟེན་གཞིའི་ཁབ་ལེན་གློག་རླབས་ཀྱི་ཚད་འཇལ་རྟོག་ཞིབ་བྱ་བར་ངོ་རྒོལ་བྱས། ས་དེའི་སྡོད་དམངས་དང་གྲོང་ཁྱེར་སྡོད་དམངས་ཚོགས་ཁག་གིས་ངོ་རྒོལ་དྲག་པོ་བྱས་པའི་ཤུགས་རྐྱེན་འོག་རྟོག་ཞིབ་བྱ་བ་དེ་ལེགས་འགྲུབ་མ་བྱུང་།

ངོ་རྒོལ་བྱེད་མཁན་གྱིས་བལྟས་ན། ཧན་གོའི་སྲིད་གཞུང་གིས་ལག་བསྟར་བྱེད་རྩིས་ཡོད་པའི་ཁབ་ལེན་གློག་རླབས་ཀྱི་ཚད་འཇལ་རྟོག་ཞིབ་བྱ་བ་ནི་གཞི་རྒྱ་ཆུང་བའི་ཁོར་ཡུག་གི་ཁྲིམས་མཐུན་ཅན་ལ་དཔྱད་འཇོག་བྱེད་རྩིས་ཡིན་པས། ཁོ་ཚོས་དེར་ངོ་རྒོལ་དྲག་པོ་བྱེད་དགོས་པར་འདོད། གསལ་སྒྲོག་ལས་བཤད་རྒྱུར། སཱ་ཏི་ཞེས་པའི་འཕུར་མདའི་འགོག་སྲུང་མ་ལག་ལ་གནོད་པ་མང་ཞིང་ཕན་ཐོགས་ཅི་ཡང་མེད། ཞི་བདེ་ལ་དགའ་བའི་ཧན་གོའི་མང་ཚོགས་ཀྱིས་སཱ་ཏི་ཞེས་པའི་འཕུར་མདའི་འགོག་སྲུང་མ་ལག་གི་བཀོད་སྒྲིག་ལ་ངོ་རྒོལ་བྱེད་པའི་འགན་འཁྲི་ཡོད་ཟེར།

གསལ་སྒྲོག་ལས་ད་རུང་ཧན་གོའི་སྲིད་གཞུང་གིས་མྱུར་མོར་གཞི་རྒྱ་ཆུང་བའི་ཁོར་ཡུག་འོག་གི་དཔྱད་འཇོག་བྱ་བ་མཚམས་འཇོག་དགོས་པ་དང་། མྱུར་དུ་སཱ་ཏིའི་མ་ལག་བེད་སྤྱོད་བྱེད་མཚམས་འཇོག་པ། སཱ་ཏིའི་སྒྲིག་ཆས་གཏོར་ལེན་བྱེད་པ། སཱ་ཏིའི་བཀོད་སྒྲིག་གི་བཟོ་སྐྲུན་མཚམས་བཞག་སྟེ་སཱ་ཏིའི་སྒྲིག་ཆས་གནས་གཞན་དུ་བསྐྱལ་དགོས་པ་དང་། འཐབ་ཇུས་ཁོར་ཡུག་གི་ཤུགས་རྐྱེན་དཔྱད་འཇོག་བྱས་ཏེ། སཱ་ཏིའི་ཁྲིམས་འགལ་བརྒྱུད་རིམ་ཧྲིལ་བོར་རྟོག་ཞིབ་གང་ལེགས་བྱས་ཏེ་འགན་ཁུར་བར་ཆད་གཅོད་ནན་མོ་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།