ཀྲུང་གོ་བོད་ཀྱི་དྲ་བ།

ཁུན་ནེ་ཡཱའི་དབུས་ཕྱོགས་ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁུན་ནེ་ཡཱའི་དབུས་ཕྱོགས་ཀྱི་མཱེ་ལུའུ་རྫོང་ནས་ཚེས་བཅུ་གཉིས་ཉིན་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་དང་དངོས་སྐྱེལ་རླངས་འཁོར་གཉིས་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་གཉིས་ལ་རྨས་ཕོག

ཁུན་ནེ་ཡཱའི་དབུས་ཕྱོགས་ས་ཁུལ་གྱི་རྒྱ་གྲམ་དམར་པོ་ཚོགས་པའི་མཐུན་སྦྱོར་པ་མུའུ་ཀན་པུས་ཀྱིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། མི་བཅུ་དྲུད་ཡོད་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་རླངས་འཁོར་གཞན་པ་ཞིག་གི་སྔོན་ལ་འབུད་སྐབས་ཁ་གཏད་ཀྱི་དངོས་སྐྱེལ་རླངས་འཁོར་ཞིག་དང་ཐོ་བརྒྱབ་སྟེ། ཁ་ལོ་བ་དང་བཅས་པའི་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།

མུའུ་ཀན་པུས་ཀྱིས་བཤད་རྒྱུར། དོན་རྐྱེན་དེ་ལས་གཞུང་ལམ་ཁེགས་ནས་ཉེན་རྟོག་པ་དང་། མེ་གསོད་མི་སྣ། རྒུད་སྐྱོབ་མི་སྣ་བཅས་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་འགྲོ་བར་དཀའ་ཁག་ཆེན་པོ་བྱུང་ཡོད་ཟེར།

ཁུན་ནེ་ཡཱའི་ས་ཁུལ་མི་ཉུང་བ་ཞིག་གི་གཞུང་ལམ་དོག་པ་དང་ཞིག་གསོ་བྱས་མེད་པས། འགྲིམ་འགྲུལ་དོན་རྐྱེན་རྒྱུན་དུ་འབྱུང་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།