ཀྲུང་གོ་བོད་ཀྱི་དྲ་བ།

ཝེ་ནེ་ཙུའེ་ལཱ་ཡིས་ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱ་ལ་དྲག་ཤུགས་འཇིགས་ཉེན་སྐུལ་བར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་པུའུ་ཀྲང་ཨ་ལོས་ཡཱ་སཱ་ཡིས་ཚེས་བཅུ་གཉིས་ཉིན་བསྟན་དོན། ཝེ་ནེ་ཙུའེ་ལཱ་ཡིས་ཨ་མེ་རི་ཁའི་སྲིད་གཞུང་གིས་ཝེ་ནེ་ཙུའེ་ལཱ་ལ་དྲག་ཤུགས་འཇིགས་ཉེན་སྐུལ་བར་རྒོལ་གཏམ་དྲག་པོ་བཏང་བ་དང་། ལཱ་ཏེན་མཱེ་གླིང་གི་རྒྱལ་ཁབ་དགགིས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ་ས་ཁུལ་གྱི་ཞི་བདེ་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་ལོས་ཡཱ་སཱ་ཡིས་ཉིན་དེར་ཝེ་ནེ་ཙུའེ་ལཱ་རུ་སྡོད་པའི་ཕྱི་འབྲེལ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྟེང་བསྟན་དོན། རྒྱལ་ཁབ་ཚང་མའི་མི་དམངས་ཀྱིས་ཨ་མེ་རི་ཁས་དྲག་ཤུགས་དང་འཐབ་འཁྲུག་ལ་བརྟེན་ནས་རང་ཉིད་ཀྱི་བསམ་བློ་དང་སྒྲིག་ལུགས་དེ་རྒྱལ་ཁབ་གཞན་པའི་མགོར་བཙན་འཇོག་བྱེད་པར་ངོ་རྒོལ་བྱེད་དགོས་ཟེར།

ཝེ་ནེ་ཙུའེ་ལཱའི་རྩ་ཁྲིམས་གཏན་འབེབས་ཨུ་ཡོན་ལྷན་ཁང་གི་ཚོགས་ཆེན་གྱིས་ཉིན་དེར་གྲོས་ཚོགས་བསྡུས་ཏེ། ཁོངས་མི་ལྔ་བརྒྱ་དང་ཞེ་ལྔ་ཡིས་ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ལ་དྲག་ཤུགས་འཇིགས་ཉེན་སྐུལ་བར་རྒོལ་གཏམ་གཏོང་བའི་གྲོས་ཆོད་ལ་གྲོས་བསྡུར་བྱས་ནས་གཅིག་གྱུར་གྲོས་འཆམ་བྱུང་།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱའི་མིག་སྔའི་གནས་བབ་ཐག་གཅོད་བྱེད་པའི་ཐད་གདམ་གསེས་མང་བོ་ཡོད་པ་དང་། ཁོས་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ལ་དམག་དོན་འགུལ་སྐྱོད་སྤེལ་མི་སྲིད་པར་ཁ་ཚོན་གཅོད་ཐབས་མེད་ཟེར། དེ་ནི་ཐི་ལིང་ཕུའུ་སྲིད་གཞུང་གིས་ཝེ་ནེ་ཙུའེ་ལཱ་ཁྱིས་རྩ་ཁྲིམས་གཏན་འབེབས་ཚོགས་ཆེན་གྱི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཁྱབ་སྒྲོག་བྱས་པའི་ཚུན་ལ། ཐོག་དང་པོར་ཝེ་ནེ་ཙུའེ་ལཱ་ལ་དམག་དོན་འགུལ་སྐྱོད་སྤེལ་མི་སྲིད་པའི་ངེས་པ་མེད་པའི་ཚུལ་བསྟན་པ་རེད།

ཝེ་ནེ་ཙུའེ་ལཱའི་རྒྱལ་སྲུང་བློན་ཆེན་ལོ་ཕའེ་སི་ཡིས་བསྟན་དོན། དོན་དག་ཅི་ཞིག་བྱུང་ཡང་། ཝེ་ནེ་ཙུའེ་ལཱའི་དམག་དཔུང་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་ཨ་མེ་རི་ཁའི་བརྗོད་ཚུལ་དེ་ཚད་ལས་བརྒལ་བ་ཞིག་ཡིན་པར་སྐྱོན་འཛུགས་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།