ཀྲུང་གོ་བོད་ཀྱི་དྲ་བ།

གལ་ཏེ་ཨ་མེ་རི་ཁ་དང་ཁྲའོ་ཞན་བར་འཁྲུག་རྩོད་བྱུང་ན་འཇར་པན་གྱིས་ཐུན་མོང་རང་སྲུང་དབང་ཆ་བེད་སྤྱོད་བྱེད་ངེས་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་འཕུར་མདའི་འཇིགས་ཉེན་ཐག་གཅོད་བྱེད་ཆེད། འཇར་པན་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་གཉིས་ཉིན་ཏའོ་ཀིན་དང་། ཀོང་ཏའོ། ཨེ་ཡོན། ཀའོ་ཀྲི་བཅས་རྫོང་བཞི་རུ་མཁའ་འགྲུལ་རང་སྲུང་རུ་ཁག་གི་རྒྱལ་གཅེས་མཁན་གསུམ་པ་རྟགས་ཅན་གྱི་འཕུར་མདའི་འགོག་སྲུང་མ་ལག་བཀོད་སྒྲིག་བྱས་པ་དང་། འཇར་པན་གྱིས་ད་རུང་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁ་དང་ཁྲའོ་ཞན་བར་འཁྲུག་རྩོད་བྱུང་ན། ཐུན་མོང་རང་སྲུང་དབང་ཆ་བེད་སྤྱོད་བྱེད་པར་བསམ་བློ་གཏོང་སྲིད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།