ཀྲུང་གོ་བོད་ཀྱི་དྲ་བ།

སོ་ཏི་ཨ་རབ་དང་དབྱི་རག་གིས་ལོ་ངོ་ཉེར་བདུན་རྗེས་སུ་ཡང་བསྐྱར་སྐམ་སའི་རྒྱལ་མཚམས་སྒོ་འབྱེད་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་ཏི་ཨ་རབ་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་དྲུག་ཉིན་བསྒྲགས་པ་ལྟར་ན། སོ་ཏི་ཨ་རབ་དང་དབྱི་རག་གི་འབྲེལ་བ་ཉེ་སྔོན་ཇེ་བཟང་དུ་སོང་བ་དང་། རྒྱལ་ཁབ་གཉིས་ཀྱིས་མི་འགྱངས་པར་སྐམ་སའི་རྒྱལ་མཚམས་སྒོ་འབྱེད་བྱེད་རྒྱུ་ཡིན་པ་རེད། སོ་ཏི་ཨ་རབ་དང་དབྱི་རག་གི་སྐམ་སའི་རྒྱལ་མཚམས་དེ་གཅིག་སྟོང་དགུ་བརྒྱ་དགུ་བཅུའི་ལོར་སོ་ཏི་ཡིས་བཀག་རྒྱ་བསྡམས་རྗེས། རྒྱལ་མཚམས་དེ་ལོ་རེའི་མཇལ་ཕྱག་སྐབས་སུ་དུས་ཡུན་ཐུང་ངུའི་ནང་སྒོ་འབྱེད་བྱེད་པ་ལས་ལོ་ཧྲིལ་བོར་བཀག་རྒྱ་བསྡམས་ཡོད་པ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།