ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་སྲིད་གཞུང་གི་བློ་འདོན་ཚོགས་པ་གཉིས་གཏོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཅུ་དྲུག་ཉིན་ཨ་མེ་རི་ཁའི་བཟོ་སྐྲུན་ལས་རིགས་ཨུ་ཡོན་ལྷན་ཁང་དང་འཐབ་ཇུས་སྲིད་ཇུས་གླེང་སྟེགས་གཉིས་གཏོར་རྒྱུ་ཁྱབ་སྒྲོག་བྱས། ཁོས་བསྟན་དོན། ཚོགས་པ་དེ་གཉིས་གཏོར་བའི་རྒྱུ་མཚན་ནི་བློ་འདོན་ཚོགས་པ་དེ་དག་གི་ཚོང་ལས་གཙོ་འཛིན་ལ་གནོན་ཤུགས་མི་སྟེར་བའི་ཆེད་དུ་ཡིན་ཟེར།

ཉེ་བའི་ཉིན་འགའི་རིང་། ཐི་ལིང་ཕུའུ་ཡི་བློ་འདོན་ཚོགས་པ་ཨ་མེ་རི་ཁའི་བཟོ་སྐྲུན་ལས་རིགས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་བསྟུད་ལས་ཁུར་དགོངས་ཞུ་བྱས་པ་དང་། ལས་རིགས་ཀྱི་གཙོ་འཛིན་བརྒྱད་ཀྱིས་བསྟུད་མར་ཨ་མེ་རི་ཁའི་བཟོ་སྐྲུན་ལས་རིགས་ཨུ་ཡོན་ལྷན་ཁང་ལས་ཕྱིར་འབུད་རྒྱུ་ཁྱབ་སྒྲོག་བྱས། ཁོ་ཚོ་ཚོགས་པ་ལས་ཕྱིར་འབུད་པའི་རྒྱུ་མཚན་ནི་ཐི་ལིང་ཕུའུ་ཡི་ཞཱ་ལོ་ཐི་ཝེ་ཨར་གྱི་མི་དཀར་ཀུན་ལས་འཕགས་པའི་དོན་རྐྱེན་ལ་ཐག་གཅོད་ནན་མོ་མ་བྱས་པར་མ་དགའ་བས་རེད་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།