ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པཱ་ནུན་གྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་གཙང་ཕྱགས་བྱེད་པའི་དམག་དོན་འགུལ་སྐྱོད་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་དམག་ཕྱོགས་ཀྱིས་ཚེས་བཅུ་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། རྒྱལ་ཁབ་དེའི་བྱང་ཤར་མཐའ་མཚམས་ས་ཁུལ་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་གཙང་ཕྱགས་བྱེད་པའི་དམག་དོན་འགུལ་སྐྱོད་སྤེལ་བཞིན་ཡོད་ཟེར།

ཉིན་དེའི་ཞོགས་པར་ལེ་པཱ་ནུན་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་ཨོ་ཨིན་གྱིས་གསལ་སྒྲོག་ཅིག་གི་ནང་བསྟན་དོན། ལེ་པཱ་ནུན་གྱི་དམག་དཔུང་གིས་རྒྱལ་ཁབ་དེའི་བྱང་ཤར་ཕྱོགས་ཀྱི་སི་རི་ཡཱའི་མཐའ་མཚམས་ས་ཁུལ་དང་ཉེ་བའི་ལཱ་སི་པཱ་ལེ་པེད་ཁི་ས་ཁུལ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་གཙང་ཕྱགས་བྱེད་པའི་དམག་དོན་འགུལ་སྐྱོད་སྤེལ་བཞིན་ཡོད་ཟེར། དེའི་རྗེས་སུ་ལེ་པཱ་ནུན་གྱི་དམག་དཔུང་གིས་གྱེན་འཕུར་གནམ་གྲུ་དང་མེ་སྒྱོགས་སོགས་བཀོལ་ནས་ས་ཁུལ་དེའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་དཔུང་འཇུག་བྱས་ཟེར།
ཉིན་དེའི་དགོང་མོར། ལེ་པཱ་ནུན་གྱི་ཙུང་ཐུང་ཨོ་ཨིན་ལེ་པཱ་ནུན་གྱི་རྒྱལ་སྲུང་པུའུ་རུ་སོང་ནས། དམག་དོན་འགུལ་སྐྱོད་དེར་ལྟ་སྦྱོང་བྱས།

དེའི་ཞོར་དུ་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་དྲག་ཆས་ཚོགས་པ་དེས་སི་རི་ཡཱའི་དམག་དཔུང་དང་མཉམ་འབྲེལ་བྱས་ཏེ། སི་རི་ཡཱའི་མངའ་ཁོངས་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།

ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་ནི་ཧྲི་ཡེ་ཕྱོགས་ཁག་གི་ཆབ་སྲིད་དང་དམག་དོན་རྩ་འཛུགས་ཤིག་ཡིན་པ་དང་། སི་རི་ཡཱའི་ཉམས་ཉེན་བྱུང་རྗེས། ཀྲིན་ཀྲུའུ་ཏང་གིས་སི་རི་ཡཱའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱས་པ་དང་། དྲག་ཆས་མི་སྣ་མངག་ནས་སི་རི་ཡཱའི་སྲིད་གཞུང་དམག་དཔུང་དང་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པའི་འཁྲུག་རྩོད་ནང་ཞུགས་པ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།