ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་དུ་དུས་ཡུན་རིང་བོར་འཁྲུག་རྩོད་བྱུང་ནས་མི་འབུམ་གཅིག་དང་ཁྲི་གཅིག་ལྷག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་སི་ཐན་ཧྥུའུ་་སློབ་ཆེན་གྱི་འབྲེལ་ཡོད་ཞིབ་འཇུག་ལས་ཁུངས་ཀྱིས་འདོན་སྤྲོད་བྱས་པའི་རྒྱུ་ཆ་ལྟར་ན། ཉིས་སྟོང་གཅིག་ལོ་ནས་ཉིས་སྟོང་བཅུ་དྲུག་ལོའི་བར། ཨ་ཧྥུའུ་ཧན་དུ་འཁྲུག་རྩོད་བྱུང་ནས་བསྡོམས་པས་མི་འབུམ་གཅིག་དང་ཁྲི་གཅིག་ལྷག་རྐྱེན་ལམ་དུ་ཤོར།

དེའི་ནང་ཨ་ཧྥུའུ་ཧན་གྱི་མི་སེར་དཀྱུས་མ་ཁྲི་གསུམ་དང་སྟོང་གཅིག་ལྷག་ཡོད་པ་དང་། ཨ་ཧྥུའུ་ཧན་གྱི་ཉེན་རྟོག་པ་མི་ཁྲི་གསུམ་ལྷག་ཡོད། རིགས་སྣ་ཚོགས་ཀྱི་དམག་དོན་འགུལ་སྐྱོད་ལས་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་སོགས་ཀྱི་དྲག་ཆས་མི་སྣ་ཁྲི་བཞི་དང་སྟོང་གཉིས་ལྷག་བསད། ཨ་མེ་རི་ཁའི་དམག་མི་སྟོང་གཉིས་དང་སུམ་བརྒྱ་དོན་གཅིག་རྐྱེན་ལམ་དུ་ཤོར་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།