ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་གྱིས་གཞི་རྒྱ་ཆེ་བའི་སྐམ་སའི་དམག་དོན་སྦྱོང་བརྡར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་རེར་ཐེངས་རེ་སྤེལ་བཞིན་པའི་འཇར་པན་གྱི་གཞི་རྒྱ་ཆེས་ཆེ་བའི་སྐམ་སའི་དམག་དོན་སྦྱོང་བརྡར་ཏེ་ཧྥུའུ་ཧྲི་ཕྱོགས་བསྡུས་དམག་ཤུགས་སྦྱོང་བརྡར་དེ་ཚེས་ཉེར་བཞིའི་ཉིན་ཧྥུའུ་ཧྲི་རི་བོའི་འདབས་རོལ་ནས་སྤེལ་མགོ་བརྩམས། ཉེ་བའི་ལོ་འགའི་རིང་། འཇར་པན་གྱིས་ཀྲུང་གོའི་འཇིགས་ཉེན་འུད་བརྗོད་བྱས་པ་དང་། ཧྥུའུ་ཧྲི་ཕྱོགས་བསྡུས་དམག་ཤུགས་སྦྱོང་བརྡར་དེས་ཀྱང་གླིང་ཕྲན་འཕྲོག་ལེན་བྱེད་པ་ལད་བཟོའི་དམིགས་འབེན་དུ་བྱས་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།