ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་དང་ཨ་མེ་རི་ཁའི་མགོ་ཁྲིད་པས་ཁ་པར་བརྒྱུད་དེ་ཕྱེད་གླིང་གི་གནས་བབ་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་ཡིས་ཚེས་གཉིས་ཉིན་བཤད་རྒྱུར། ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་དང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་གཉིས་ཀྱིས་ཚེས་གཅིག་ཉིན་གྱི་ནམ་གུང་ཁ་པར་བརྒྱུད་དེ་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ལ་གྲོས་བསྡུར་བྱས་ཟེར།

ཆིན་ཝ་ཐེ་ཡིས་གསར་འགྱུར་ལས་རིགས་ལ་སྤེལ་བའི་གསལ་སྒྲོག་ནང་བསྟན་དོན། ཝུན་ཙེ་ཡུན་དང་ཐི་ལིང་ཕུའུ་གཉིས་ཀྱིས་ཧ་ལམ་སྐར་མ་བཞི་བཅུའི་རིང་ཁ་བརྡ་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཚད་ཆེན་པོའི་བཀག་སྡོམ་དང་གནོན་ཤུགས་ལ་བརྟེན་ནས་ཁྲའོ་ཞན་གྱིས་དཀྲུག་འཕེན་བྱེད་པར་བཀག་འགོག་དང་། ཁྲའོ་ཞན་བར་གྱི་གྲོས་མོལ་སླར་གསོ་བྱེད་པར་ཡར་སྐུལ་བྱེད་པ། ཞི་བའི་ཐབས་ལ་བརྟེན་ནས་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པའི་གལ་ཆེན་རང་བཞིན་བསྐྱར་སྒྲོག་བྱས་ཡོད་ཟེར།

ཆིན་ཝ་ཐེ་ཡིས་བསྟན་དོན། ཝུན་ཙེ་ཡུན་གྱིས་ཁ་པར་གཏོང་སྐབས་ཁྲའོ་ཞན་གྱིས་འཕུར་མདའ་གཏོང་འཕེན་ཚོད་ལྟ་བྱེད་པའི་བྱ་འགུལ་ལ་རྒོལ་གཏམ་བཏང་བ་དང་། བྱ་སྤྱོད་དེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དང་འགལ་ཡོད་པར་མ་ཟད། ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་བཏང་ཡོད་ཟེར། ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཁྲའོ་ཞན་ཕྱོགས་ལ་བརྡ་གསལ་བོ་གཏོང་དགོས་ཟེར།

ཧན་གོ་དང་ཨ་མེ་རི་ཁའི་མགོ་ཁྲིད་པས་བལྟས་ན། ཧན་གོའི་འགོག་སྲུང་ནུས་པ་ཇེ་དྲག་ཏུ་བཏང་སྟེ་ཁྲའོ་ཞན་གྱི་བྱ་སྤྱོད་ལ་ཁ་གཏད་འཇལ་དགོས་པ་དང་། ཞོར་དུ་ཧན་གོ་དང་ཨ་མེ་རི་ཁའི་འཕུར་མདའི་ཕྱོགས་སྟོན་བཟོ་བཅོས་བྱས་ཏེ་ཧན་གོའི་ཕྱོགས་ཀྱིས་རེ་བ་བྱེད་པའི་ཆུ་ཚད་རྩ་དོན་དུ་བསླེབ་ཏུ་འཇུག་པར་ཐུན་མོང་གི་ལྟ་ཚུལ་འགོད་དགོས་པར་འདོད།

ཧན་གོའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཧན་གོའི་ཕྱོགས་ཀྱིས་དེའི་སྔོན་ཧན་གོ་དང་ཨ་མེ་རི་ཁའི་འཕུར་མདའ་ཕྱོགས་སྟོན་བཟོ་བཅོས་བྱས་ཏེ་ཧན་གོའི་ཕྱོགས་ཀྱིས་རང་བདག་གསར་སྤེལ་བྱེད་པའི་འཕུར་མདའི་མདེལ་མགོའི་ལྗིད་ཚད་ཇེ་ཆེར་གཏོང་དགོས་པའི་གྲོས་གཞི་བཏོན།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།