ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་ཧན་གོས་ལོ་རེར་ཟིལ་ཤུགས་རྒྱུན་བསྲིངས་པའི་འཐབ་ཇུས་གྲོས་མོལ་ཚོགས་འདུ་སྤེལ་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 99.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཁྲའོ་ཞན་གྱི་འཕུར་མདའི་འཇིགས་ཉེན་ལ་དམིགས་ནས། ཨ་མེ་རི་ཁ་དང་ཧན་གོས་ལོ་རེར་ཟིལ་ཤུགས་རྒྱུན་བསྲིངས་པའི་འཐབ་ཇུས་གྲོས་མོལ་ཚོགས་འདུ་སྤེལ་རྒྱུ་ཐག་བཅད་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཟིལ་ཤུགས་རྒྱུན་བསྲིངས་པའི་འཐབ་ཇུས་གྲོས་མོལ་ཚོགས་འདུའི་རིམ་པ་མཐོ་བའི་གྲོས་མོལ་དེ་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་དང་རྒྱལ་སྲུང་བློན་ཆེན་མཉམ་དུ་ཞུགས་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་མི་བསྡུ་བའི་ལོར་སྤེལ་རྒྱུ་ཡིན་པ་དང་། ཚང་འཛོམས་གྲོས་ཚོགས་དེ་ལོ་རེ་རེར་སྤེལ་རྒྱུ་རེད།

ཟིལ་ཤུགས་རྒྱུན་བསྲིངས་པ་ནི་ཨ་མེ་རི་ཁས་མནའ་མཐུན་རྒྱལ་ཁབ་ལ་ཉིང་རྡུལ་ནུས་པའི་འཇིགས་ཉེན་དང་དཔུང་འཇུག་ཐེབས་པའི་སྐབས་སུ་འགེབས་སྲུང་བྱེད་པ་དེར་གོ་བ་དང་། རྒྱུན་སྲོལ་གྱི་མཚོན་ཆ་དང་འཕུར་མདའི་འགོག་སྲུང་མ་ལག་ལ་བརྟེན་ནས་མནའ་མཐུན་རྒྱལ་ཁབ་ལ་ཨ་མེ་རི་ཁ་རང་ཉིད་ཀྱི་རྒྱལ་ཁོངས་ལ་སྲུང་སྐྱོབ་བྱེད་པ་ལྟར་སྲུང་སྐྱོབ་བྱེད་ངེས་རེད། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་བར། ཨ་མེ་རི་ཁ་དང་ཧན་གོས་ཕྱི་འབྲེལ་བློན་ཆེན་དང་རྒྱལ་སྲུང་བློན་ཆེན་མཉམ་དུ་ཞུགས་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྤེལ་ཏེ། ཟིལ་ཤུགས་རྒྱུན་བསྲིངས་པའི་འཐབ་ཇུས་གྲོས་མོལ་གྱི་རྐྱེན་སྲོལ་བཙུགས་ནས་ཨ་མེ་རི་ཁས་ཟིལ་ཤུགས་རྒྱུན་བསྲིངས་ཀྱི་འགེབས་སྲུང་འདོན་སྤྲོད་བྱེད་པའི་བྱེ་བྲག་གི་དོན་ལ་གྲོས་བསྡུར་བྱེད་རྒྱུ་ཐག་བཅད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།