ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཨ་ཧྥུའུ་ཧན་གྱི་ཡན་ལག་རུ་ཁག་དང་ཐཱ་ལེ་པན་བར་འཁྲུག་རྩོད་བྱུང་སྟེ་མི་བཅུ་གཉིས་ལ་ཤི་རྨས་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་དཔོན་རིགས་ཀྱིས་ཚེས་བདུན་ཉིན་བདེན་དཔང་བྱས་དོན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཨ་ཧྥུའུ་ཧན་ཡན་ལག་རུ་ཁག་གིས་བྱང་ཕྱོགས་ཀྱི་ཀྲུའུ་ཚི་ཀྲན་ཞིང་ཆེན་ནས་ས་དེའི་ཐཱ་ལེ་པན་དྲག་ཆས་མི་སྣའི་བར་འཁྲུག་རྩོད་བྱས་པ་དང་། ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་ལ་རྨས་ཕོག་ཟེར།

ཞིང་ཆེན་དེའི་ཉེན་རྟོག་ཕྱོགས་ཀྱི་འགན་ཁུར་བ་ཐུའུ་ཨར་ཅི་སི་ཐཱ་ནེ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཕྱོགས་གཉིས་ཀྱིས་འཁྲུག་རྩོད་བྱེད་ས་ནི་ཞིང་ཆེན་དེའི་ནུབ་ཕྱོགས་ས་ཁུལ་ཡིན་པ་དང་། འཁྲུག་རྩོད་དེ་དུས་ཚོད་ལྔ་ཙམ་འགོར་ཡོད་ཟེར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཕྱོགས་ཀྱི་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་ལ་རྨས་ཕོག ཐཱ་ལེ་པན་ཕྱོགས་ཀྱི་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་གསུམ་ལ་རྨས་ཕོག་ཡོད་ཟེར།

ཐུའུ་ཨར་ཅི་སི་ཐཱ་ནེ་ཡིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་འཁྲུག་རྩོད་བྱས་རྗེས་ཡུལ་དངོས་ནས་ཕྱིར་འཐེན་བྱས་མེད་པ་དང་། ས་དེའི་གནས་བབ་སྔར་བཞིན་བཟང་རྒྱུ་མེད་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།