ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་ན་གཞོན་ཏང་གིས་སོ་མཱ་ལི་དང་ཁུན་ནེ་ཡཱའི་མཐའ་མཚམས་གྲོང་ཁྱེར་ལ་འཇབ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཚེས་བཅུ་གཅིག་ཉིན་གྱི་ཞོགས་པར་སོ་མཱ་ལི་དང་ཁུན་ནེ་ཡཱའི་མཐའ་མཚམས་གྲོང་ཁྱེར་མཱ་ཅཱ་ལཱ་ཧཱ་ཝ་ལ་དཔུང་འཇུག་བྱས་པ་དང་། དེའི་རྗེས་སུ་སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་རྒོལ་ལན་སྤྲད་པ་རེད།

སོ་མཱ་ལིའི་ལྷོ་ཕྱོགས་ཀྱི་ཀའེ་ཏའོ་ཀྲིག་གི་མཐའ་མཚམས་གྲོང་ཁྱེར་མཱ་ཅཱ་ལཱ་ཧཱ་ཝ་ནི་སོ་མཱ་ལི་དང་ཁུན་ནེ་ཡཱའི་མཐའ་མཚམས་ཀྱི་མི་སྣ་དང་དངོས་ཟོང་སྐྱེལ་འདྲེན་གྱི་རྒྱུ་ལམ་གཙོ་བོ་ཞིག་ཡིན། སོ་མཱ་ལིའི་ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། ཉིན་དེའི་ཞོགས་པར་མཐའ་མཚམས་མཁར་གྲོང་དེར་སོ་མཱ་ལིའི་ན་གཞོན་ཏང་གི་དཔུང་འཇུག་ཐེབས་པ་དང་། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་རྒོལ་ལན་སྤྲད། འཁྲུག་རྩོད་ལས་མི་བཅུ་བདུན་རྐྱེན་ལམ་དུ་ཤོར། སོ་མཱ་ལིའི་ཕྱོགས་ཀྱིས་མཁར་གྲོང་དེའི་ཚོད་འཛིན་དབང་ཆ་འཕྲོག་ལེན་བྱས་ཡོད་ཟེར།

སོ་མཱ་ལིའི་ན་གཞོན་ཏང་གིས་ཚེས་བཅུའི་ཉིན་ད་རུང་སོ་མཱ་ལིའི་ཞི་ལན་ཀྲིག་གི་ལྟེ་གནས་གྲོང་ཁྱེར་པེ་ལེ་ཏི་ཝུན་ནས་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བཟོས་ཏེ། མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གསུམ་ལ་རྨས་ཕོག སོ་མཱ་ལིའི་ན་གཞོན་ཏང་གིས་དྲ་ལམ་ནས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་འགན་ཁུར་རྒྱུ་ཁས་ལེན་བྱས་པར་མ་ཟད། དམག་མི་དྲུག་བསད་ཡོད་པར་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།