ཧྥ་རན་སིའི་གནས་སྐོར་བའི་གནམ་གྲུ་ཞིག་སར་ལྷུང་ནས་མི་བཞི་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། གནས་སྐོར་བའི་གནམ་གྲུ་ཞིག་ཚེས་བཅུ་གཉིས་ཉིན་ཧྥ་རན་སིའི་ཁི་ཞི་ཅཱ་གླིང་ཕྲན་ནས་སར་ལྷུང་སྟེ། མི་བཞི་རྐྱེན་ལམ་དུ་ཤོར།

ཧྥ་རན་སིའི་ཁི་ཞི་ཅཱ་ཞིང་ཆེན་སྲིད་གཞུང་གིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། སྒུལ་འཁོར་ཟུང་ལྡན་གྱི་གནམ་གྲུ་དེ་ཉིན་དེའི་ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་སུམ་ཅུའི་ཡས་མས་སུ་སར་ལྷུང་བ་རེད། གནམ་གྲུ་དེ་ནི་ཧྥ་རན་སིའི་ཐི་ལཱ་སི་པའོ་གྲོང་ཁྱེར་ནས་འཕུར་བ་དང་། ལམ་བར་ནས་ཧྥ་རན་སིའི་གནས་སྐོར་གྲོང་ཁྱེར་ཁཱ་ནཱ་ནས་བསྡད་མྱོང་བ་རེད།

བསྒྲགས་པ་ལྟར་ན། མིག་སྔར་རྐྱེན་ལམ་དུ་ཤོར་བའི་མི་བཞིའི་ཐོབ་ཐང་ངོས་འཛིན་གསལ་བོ་བྱས་མེད་ལ། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།