ཀྲུང་གོ་བོད་ཀྱི་དྲ་བ།

འབར་མ་སྲིད་གཞུང་གིས་ཆེད་དོན་ལས་ཁུངས་བཙུགས་ཏེ་རོའུ་ཁའེ་པང་གནད་དོན་སྐོར་གྱི་གྲོས་གཞི་དངོས་འབེབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འབར་མའི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅུ་གཉིས་ཉིན་ཀྱི་དགོང་མོར་ཁྱབ་སྒྲོག་བྱས་དོན། འབར་མའི་སྲིད་གཞུང་གིས་རོའུ་ཁའེ་པང་གནད་དོན་སྐོར་གྱི་གྲོས་གཞིའི་ལག་བསྟར་ཨུ་ཡོན་ལྷན་ཁང་བཙུགས་ཏེ། རོའུ་ཁའེ་པང་ལས་དོན་གྱི་བློ་འདྲི་ཨུ་ཡོན་ལྷན་ཁང་དང་མིན་ཏུའུ་འཇིགས་སྐུལ་འཇབ་རྒོལ་རྟོག་ཞིབ་ཨུ་ཡོན་ལྷན་ཁང་གི་ཆེས་མཇུག་མཐའི་སྙན་ཞུའི་ཁྲོད་ཀྱི་གྲོས་གཞི་དངོས་འབེབས་བྱེད་རྒྱུ་ཡིན་ཟེར།

ཙུང་ཐུང་བཞུགས་ཤག་གིས་ཉིན་དེའི་དགོང་མོར་སྤྱི་སྒྲོག་སྤེལ་ཏེ། རོའུ་ཁའེ་པང་གནད་དོན་སྐོར་གྱི་གྲོས་གཞིའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་རོའུ་ཁའེ་པང་ལས་དོན་གྱི་བློ་འདྲི་ཨུ་ཡོན་ལྷན་ཁང་དང་མིན་ཏུའུ་འཇིགས་སྐུལ་འཇབ་རྒོལ་རྟོག་ཞིབ་ཨུ་ཡོན་ལྷན་ཁང་གི་ཆེས་མཇུག་མཐའི་སྙན་ཞུའི་གྲོས་གཞི་དངོས་འབེབ་བྱེད་རྒྱུ་ཡིན་པ་དང་། བྱེད་ཐབས་སྤྱད་དེ་རོའུ་ཁའེ་པང་གི་གཏན་འཇགས་འགུལ་སྐྱོད་ཁྲོད་མི་སེར་དཀྱུས་མར་གནོད་པ་ཐེབས་པར་སྔོན་འགོག་བྱེད་རྒྱུ་ཡིན་ལ། ས་དེར་བདེ་འཇགས་འགུལ་སྐྱོད་སྤེལ་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནད་དོན་ཐག་གཅོད་བྱས་ནས་ས་དེའི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། ས་དེའི་མང་ཚོགས་ལ་སྡོད་ཁང་དང་ལས་སྐྲུན་གྱི་གོ་སྐབས་འདོན་སྤྲོད་བྱེད་རྒྱུ་རེད། རྒྱལ་ཁབ་ཕྱི་ནང་གི་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་དག་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་ཕྱོགས་ཞེན་མེད་པར་གནས་སྤོར་སྡོད་དམངས་ཚང་མར་བགོ་རྒྱུ་ཡིན་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། རོའུ་ཁའེ་པང་གནད་དོན་གྱི་གྲོས་གཞིའི་ལག་བསྟར་ཨུ་ཡོན་ལྷན་ཁང་དེ་མི་བཅོ་ལྔས་གྲུབ་ཡོད་པ་དང་། འབར་མའི་སྤྱི་ཚོགས་ཕན་བདེ་དང་། རྒུད་སྐྱོབ། བཀོད་སྒྲིག་བཅས་བྱ་བའི་པུའུ་ཀྲང་གིས་ཀྲུའུ་ཞིའི་འགན་ཁུར་ཡོད། དེའི་ཁོངས་མི་ལ་རོའུ་ཁའེ་པང་གི་དབུ་བཞུགས་པུའུ་ཀྲང་དང་། རྒྱལ་དོན་སྲིད་འཛིན་གྱི་པུའུ་ཀྲང་གཞོན་པ། དེ་མིན་དྲིལ་སྒྲོག་པུའུ་དང་། ཆོས་ལུགས་ལས་དོན། རིག་གནས་པུའུ། འཕྲོད་བསྟེན་པུའུ། ལུས་རྩལ་པུའུ། སློབ་གསོ་པུའུ། འཛུགས་སྐྲུན་པུའུ་སོགས་སྡེ་ཁག་གི་རྒྱུན་ལས་དྲུང་ཡིག་སོགས་འདུས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།