ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇི་ཡིས་ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་རྗེས་ཡོ་རོབ་གླིང་མནའ་འབྲེལ་གྱི་དམག་དོན་སྦྱོང་བརྡར་ལ་དམག་དཔུང་མངག་གཏོང་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་སྲིད་གཞུང་གིས་ཚེས་བཅུ་གཉིས་ཉིན་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་ལངས་ཕྱོགས་ཐད་ནས་ཡིག་ཆ་དྲུག་སྤེལ་ཏེ། དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་རྗེས་ཡོ་རོབ་གླིང་མནའ་འབྲེལ་བར་འགོག་སྲུང་མཉམ་ལས་སྤེལ་འདོད་ཡོད་པའི་ལངས་ཕྱོགས་རྒྱས་བཤད་བྱས། 

དབྱིན་ཇིའི་སྲིད་གཞུང་གིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་རྗེས་མུ་མཐུད་དུ་ཡོ་རོབ་གླིང་མནའ་འབྲེལ་གྱི་དམག་དོན་སྦྱོང་བརྡར་ལ་དམག་དཔུང་མངག་གཏོང་བྱེད་འདོད་ཡོད་པ་དང་། ཕྱི་འབྲེལ་ལངས་ཕྱོགས་དང་མཉམ་འབྲེལ་བཀག་སྡོམ་མཐུན་སྦྱོར་བྱེད་པ་སོགས་ཕྱི་འབྲེལ་གྱི་ལས་དོན་གནད་དོན་ཐད་ནས་ཡོ་རོབ་གླིང་མནའ་འབྲེལ་བར་མཉམ་ལས་ཟབ་མོ་བྱེད་རྒྱུ་ཡིན་ཟེར།

ལུའུ་ཐིག་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། དབྱིན་ཇིའི་སྲིད་གཞུང་གིས་ཡོ་རོབ་གླིང་མནའ་འབྲེལ་བར་བདེ་འཇགས་གྲོགས་པོའི་འབྲེལ་བ་ཟབ་མོ་འཛུགས་འདོད་ཡོད་ལ། འགོག་སྲུང་མཉམ་ལས་ཐད་ནས་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་མཉམ་ལས་དེ་ཡོ་རོབ་གླིང་མནའ་འབྲེལ་མ་གཏོགས་པའི་རྒྱལ་ཁབ་གཞན་བར་གྱི་མཉམ་ལས་དང་བསྡུར་ན་ལྷག་ཏུ་དམ་ཟབ་བྱེད་འདོད་ཡོད་ཟེར།

དབྱིན་ཇི་ཡིས་མིག་སྔར་པོ་ལོ་ཏི་མཚོ་ཁོངས་ས་ཁུལ་གྱི་རྒྱལ་ཁབ་དག་ལ་དམག་དཔུང་བཀོད་སྒྲིག་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་དང་མཉམ་དུ་ཨ་ཧྥེ་རི་ཁ་གླིང་གི་མཚོ་ཇག་ལ་ཆམ་ཕབ་གཏོང་བཞིན་ཡོད་པར་མ་ཟད། ཡོ་རོབ་གླིང་གི་དྲག་རླུང་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་གསར་སྤེལ་བྱེད་པ་སོགས་དམག་དོན་ལས་གཞི་མཉམ་དུ་སྤེལ་བཞིན་ཡོད།

བསྒྲགས་པ་ལྟར་ན། དབྱིན་ཇི་སྲིད་གཞུང་གི་དཔོན་པོ་རེ་འགས་རྒྱལ་ཁབ་རང་གིས་ཡོ་རོབ་གླིང་ལ་འདོན་སྤྲོད་བྱེད་ཐུབ་པའི་དམག་དོན་བདེ་འཇགས་ཀྱི་རྒྱབ་སྐྱོར་དེ་གྲོས་མོལ་གྱི་གཏའ་མ་རུ་བཞག་སྟེ། ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མོལ་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།