ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་གཉིས་པ་ཚོགས་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་གཉིས་པ་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་ཚོགས་མགོ་བརྩམས། སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་བརྗོད་སྙིང་ནི་མི་གཞི་རྩར་བྱས་ཤིང་རྒྱུན་མཐུད་འཕེལ་རྒྱས་ཀྱི་སའི་གོ་ལའི་སྟེང་མིའི་རིགས་ཡོངས་ལ་ཞི་བདེ་དང་མཛེས་སྡུག་གི་འཚོ་བར་གསར་སྐྲུན་བྱེད་དགོས་ཞེས་པ་དེ་ཡིན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་གཉིས་པའི་ཀྲུའུ་ཞི་ལེ་ཆཱ་ཁི་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐབས་འདིའི་ཚོགས་ཆེན་གྱིས་ཕྱོགས་གསུམ་ནས་འབད་བརྩོན་བྱེད་རྒྱུ་ཡིན་ཏེ། མི་གཞི་རྩར་བྱེད་པ་དང་། ཕྱོགས་སོ་སོའི་ཁེ་ཕན་དོ་མཉམ་པར་བྱེད་པ། བྱ་བའི་རྒྱུ་སྤུས་དང་གསལ་ཚད་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར། ཁོས་ད་རུང་ནན་གྱིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས། མཉམ་འབྲེལ་རྒྱལ་ཚོགས་དེ་འཛམ་གླིང་གི་ཆེས་མཛེས་སྡུག་ལྡན་པའི་གནས་ཤིག་ཏུ་འགྱུར་བར་བྱེད་རྒྱུ་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་འཐུས་མི་སོགས་ཉིན་དེའི་ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོར་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།