ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་སྔོན་ཆད་ཀྱི་ཙུང་ཐུང་སཱ་ལེ་ཧི་བར་གྱི་མནའ་མཐུན་འབྲེལ་བ་རྩིས་མེད་དུ་གཏོང་རྒྱུའི་འཇིགས་སྐུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས་བཅུ་གསུམ་ཉིན་སྔོན་ཆད་ཀྱི་ཙུང་ཐུང་སཱ་ལེ་ཧི་ཡིས་སོ་ཏི་ཨ་རབ་དང་ལངས་ཕྱོགས་གཅིག་མཚུངས་བྱས་པར་སྐྱོན་འཛུགས་བྱས་པ་དང་། རྩ་འཛུགས་དེས་སཱ་ལེ་ཧི་བར་གྱི་ཆབ་སྲིད་དང་དམག་དོན་གྱི་མནའ་མཐུན་འབྲེལ་བ་རྩིས་མེད་དུ་གཏོང་རྒྱུའི་འཇིགས་སྐུལ།

ཧུའུ་སེ་དྲག་ཆས་པས་ཉིན་དེར་རང་གིས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གི་དྲ་ཚིགས་སུ་གསལ་སྒྲོག་སྤེལ་ཏེ། སཱ་ལེ་ཧི་དང་དེས་མགོ་ཁྲིད་པའི་རྒྱལ་ཡོངས་མི་དམངས་ཚོགས་ཆེན་ཏང་གིས་ཉེ་སྔོན་དགྲ་བོ་དང་ལངས་ཕྱོགས་གཅིག་པའི་རྣམ་འགྱུར་བསྟན་པས། མུ་མཐུད་དུ་སཱ་ལེ་ཧི་དང་མཉམ་དུ་རྒྱལ་ཁབ་ཀྱི་ལས་དོན་ཐག་གཅོད་བྱེད་པ་ནི་གཟི་བརྗིད་ལྡན་པའི་དོན་ཞིག་མ་ཡིན་ཟེར།

ཟླ་འདིའི་ཚེས་དགུའི་ཉིན། ཧུའུ་སེ་དྲག་ཆས་པས་དམག་དཔུང་གི་བཀོད་འདོམ་དཔོན་པོ་དང་ཆེས་མཐོའི་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ནོར་སྲུད་པུའུ་ཀྲང་སོགས་བསྐོ་འཇོག་བྱས་པ་ཁྱབ་སྒྲོག་བྱས་ཀྱང་། སཱ་ལེ་ཧི་ཡིས་ཕྱི་ཉིན་གསལ་སྒྲོག་སྤེལ་ཏེ། ཧུའུ་སེ་དྲག་ཆས་པས་ཕྱོགས་གཅིག་གི་ཆོད་དོན་དེས་ཕྱོགས་གཉིས་ཀྱི་མཛའ་བརྩེ་ལ་གཏོར་བརླག་བཏང་བ་རྒྱུ་མཚན་དུ་བྱས་ཏེ་བསྐོ་འཇོག་དེ་ཁས་ལེན་མ་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།