ཀྲུང་གོ་བོད་ཀྱི་དྲ་བ།

ཁཱ་མེ་ལུང་བྱང་ཕྱོགས་ས་ཁུལ་དུ་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁཱ་མེ་ལུང་བྱང་ཕྱོགས་ས་ཁུལ་དུ་ཚེས་བཅུ་གསུམ་ཉིན་གྱི་ཞོགས་པར་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མི་སེར་དཀྱུས་མ་བཞི་དང་བཅས་པའི་མི་ལྔ་རྐྱེན་ལམ་དུ་ཤོར།

ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། རང་སྲོག་གཅོད་པའི་འཇབ་རྒོལ་མཁན་ཞིག་ཉིན་དེར་ཁཱ་མེ་ལུང་བྱང་སྣེ་ས་ཁུལ་གྱི་ནེ་ཀྲི་རི་ཡཱའི་མཐའ་མཚམས་དང་ཉེ་བའི་དབྱི་སི་ལན་ཆོས་ཁང་ཞིག་ཏུ་སོང་ནས་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་། འགས་གཏོར་དོན་རྐྱེན་དེ་ལས་མི་སེར་དཀྱུས་མ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་ལ་རྨས་ཕོག པའོ་ཁོ་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་མི་ཡིན་པར་དོགས་པའི་འཇབ་རྒོལ་མཁན་ཞིག་ཀྱང་རྐྱེན་ལམ་དུ་ཤོར།

བསྒྲགས་པ་ལྟར་ན། འདས་པོའི་ཁྲོད་དུ་ཁཱ་མེ་ལུང་སྲིད་འཛིན་ཏང་ཁཱ་མེ་ལུང་མི་དམངས་དམངས་གཙོ་མནའ་འབྲེལ་གྱི་ས་ཁུལ་གྱི་འགན་ཁུར་ཞིག་ཀྱང་འདུས་ཟེར།

ཉེ་བའི་ཟླ་ངོ་ལྔའི་རིང་། ཁཱ་མེ་ལུང་གི་བྱང་ཕྱོགས་ས་ཁུལ་དུ་ཆ་སྙོམས་གཟའ་འཁོར་རེར་པའོ་ཁི་གནས་མཆོག་ཅེས་པའི་དྲག་ཆས་རྩ་འཛུགས་ཀྱི་འཇབ་རྒོལ་ཐེངས་རེར་འབྱུང་བཞིན་ཡོད་པ་དང་། རིམ་བསགས་ཀྱིས་ཉུང་མཐར་ཡང་མི་སེར་དཀྱུས་མ་བརྒྱ་དང་ང་བརྒྱད་རྐྱེན་ལམ་དུ་ཤོར་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།