ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱིས་རང་བཙན་བྱེད་པར་དམངས་ཀྱིས་བརྡས་ཐག་གཅོད་པར་འགྲོ་སོང་མི་ཉུང་བ་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གློག་འཕྲིན་ལྟར། ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ཁུལ་གྱིས་རང་བཙན་བྱེད་པར་དམངས་ཀྱིས་བརྡས་ཐག་གཅོད་པར་འགྲོས་སོང་མི་ཉུང་བ་ཡོད་པའི་ཉེན་བརྡ་བཏང་། ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་སྲིང་གཞུང་གིས་རྒྱུན་ཤེས་ལྟར་བྱ་བ་བྱེད་དགོས་པ་དང་། མྱུར་མོར་ནོར་འཆུག་གི་བྱེད་ཐབས་བསྐྱུར་དགོས་པའི་འབོད་སྐུལ་བཏང་། དེ་ལས་གཞན་ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ད་རུང་གསལ་སྒྲོག་ནང་བསྟན་དོན། ཐུར་ཁེའི་གྲོས་ཁང་གི་རང་བཙན་བྱེད་པར་དམངས་ཀྱིས་བརྡས་ཐག་གཅོད་པར་ངོ་རྒོལ་བྱེད་པའི་གྲོས་ཆོད་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། དབྱི་རག་ཀྲུང་དབྱང་སྲིད་གཞུང་དང་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་སྲིད་གཞུང་གིས་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་། དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱིས་ཟླ་འདིའི་ཚེས་ཉེར་ལྔ་ཉིན་རང་བཙན་བྱེད་པར་དམངས་ཀྱིས་བརྡས་ཐག་གཅོད་རྒྱུ་རེད། རྒྱུས་ལོན་བྱུང་བ་ལྟར་ན། འཛམ་གླིང་ཡོངས་སུ་ཁུའུ་ཨར་ཏིའི་མི་བྱེ་བ་གསུམ་ཙམ་ཡོད་པ་དང་། དེའི་ནང་ཕྱེད་ཀའི་ཡན་ཐུར་ཁེ་རུ་འཚོ་བཞིན་ཡོད། ཐུར་ཁེའི་སྲིད་གཞུང་གིས་བལྟས་ན་དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་རང་བཙན་བྱས་ནས་དབུས་ཤར་ས་ཁུལ་གྱི་གནས་བབ་ཟང་ཟིང་དུ་འགྱུར་སྲིད་པ་དང་། ཐུར་ཁེའི་བདེ་འཇགས་ཐད་འཇིགས་ཉེན་ཐེབས་སྲིད་པར་འདོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།