ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་སྲིད་གཞུང་གིས་ཨེ་ཤ་ཡཱ་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་བརྒྱད་ལ་འབྲུ་རིགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོའི་ཚོང་དོན་པུའུ་ཡི་འཐུས་མིས་བཤད་རྒྱུར། ཀྲུང་གོའི་སྲིད་གཞུང་གིས་ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་འཆར་འགོད་ཁང་གིས་ཨེ་ཙེ་ཨོ་ཕི་ཡཱ་དང་ཙེམ་པབ་ཝེ། ཁཱ་མེ་ལུང་། དབྱི་ལིང་། ནེ་ཀྲིར། ཕཱ་ཁི་སི་ཐན། སི་རི་ཡཱ། ཨ་ཧྥུའུ་ཧན་བཅས་རྒྱལ་ཁབ་བརྒྱད་ཀྱི་གནོད་ཐེབས་མང་ཚོགས་དང་ཡུལ་གྱར་བ། རྒྱལ་ནང་གི་ཡུལ་འཁྱམ་པ་བཅས་མི་ས་ཡ་གཅིག་དང་འབུམ་དྲུག་ཁྲི་ལྔ་ཙམ་ལ་མི་ཆོས་རིང་ལུགས་ཀྱི་འབྲུ་རིགས་དང་འཚོ་བཅུད་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་རོགས་སྐྱོར་མ་དངུལ་དེའི་ཁྲོད་ཀྱི་མ་དངུལ་སྐོར་ཞིག་གིས་ཀྲུང་གོ་ནས་འབྲས་ཉོས་པ་དང་། མ་དངུལ་འཕྲོ་མོས་རོགས་སྐྱོར་ཐོབ་པའི་རྒྱལ་ཁབ་རང་ནས་གྲོ་དང་སྲན་མ། བཟའ་སྣུམ། དམིགས་བསལ་འཚོ་བཅུད་ཟས་རིགས་སོགས་ཉོ་བསྡུ་བྱེད་པའི་ཐད་བཀོལ་རྒྱུའི་འཆར་གཞི་ཡོད།

ཀྲུང་གོར་སྡོད་པའི་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གི་འཐུས་མིས་བཤད་རྒྱུར། ཀྲུང་གོའི་སྲིད་གཞུང་གི་བརྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་ཀྱི་རྗེས་སུ་མྱུར་མོར་དམ་བཅའ་ལག་བསྟར་བྱས་པ་དང་། ང་ཚོས་ཀྲུང་གོའི་སྲིད་གཞུང་གིས་འཚམ་གླིང་འབྲུ་རིགས་འཆར་འགོད་ཁང་གི་མི་ཆོས་རིང་ལུགས་ཀྱི་དགོས་མཁོའི་ཐད་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།