ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཞི་ཁིའི་ས་འགུལ་ལས་ཐེ་ཝན་གྱི་མི་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མའོ་ཞི་ཁི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར་གསར་འགོད་པར་བདེན་དཔང་བྱས་དོན། ཚེས་བཅུ་དགུའི་ཉིན་གྱི་མའོ་ཞི་ཁིའི་ས་འགུལ་ལས་ཐེ་ཝན་གྱི་མི་གསུམ་རྐྱེན་ལམ་དུ་ཤོར་ཟེར།

མའོ་ཞི་ཁི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་གསར་འགོད་པར་བསྟན་དོན། ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་བར། ས་དེའི་འབྲེལ་ཡོད་སྡེ་ཁག་དང་ཐེ་ཝན་སྤུན་ཟླའི་ཁྱིམ་མིས་ངོས་འཛིན་བྱས་པ་བརྒྱུད། མའོ་ཞི་ཁི་མཁར་གྲོང་ལྟེ་གནས་ཀྱི་ས་འགུལ་ཁྲོད་རྡིབས་སྐྱོན་ཤོར་བའི་ཐོག་ཁང་གི་ཞིག་རོའི་འོག་ཏུ་བཅུག་པའི་ཐེ་ཝན་གྱི་མི་ལྔའི་ནང་མི་གསུམ་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བ་དང་། མི་གཉིས་གར་སོང་རྙེད་མེད་ལ། མུ་མཐུད་དུ་རྒུད་སྐྱོབ་བྱེད་བཞིན་ཡོད། མའོ་ཞི་ཁི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་དཔོན་རིགས་ཀྱིས་རྐྱེན་ལམ་དུ་ཤོར་བའི་ཐེ་ཝན་སྤུན་ཟླར་མྱ་ངན་ཞུས་པ་དང་། ཁོ་ཚོའི་ཁྱིམ་མིར་སེམས་གསོའི་འཚམས་འདྲི་བྱས། མའོ་ཞི་ཁི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སྔར་བཞིན་རྒུད་སྐྱོབ་བྱ་བའི་འཕེལ་རིམ་ལ་དོ་སྣང་བྱེད་རྒྱུ་རེད།

ཟླ་དགུ་བའི་ཚེས་བཅུ་དགུའི་ཉིན་གྱི་ཕྱི་དྲོར། མའོ་ཞི་ཁི་རུ་ཚད་རིམ་བདུན་དང་གྲངས་ཆུང་གཅིག་གི་ས་འགུལ་བྱུང་བ་དང་། ས་འགུལ་བྱུང་ས་དེ་མའོ་ལོས་ལོ་སི་ཀྲིག་གི་ཨ་ཁི་སུའུ་ཆཱ་ཕན་གྲོང་ཁྱེར་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་བཅུ་གཉིས་ཀྱི་མཚམས་ཡིན་པ་དང་། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་ང་བདུན་ཡོད། རྒྱལ་ས་མའོ་ཞི་ཁི་མཁར་དུའང་ས་འགུལ་གྱི་ཚོར་སྣང་དྲག་པོ་བྱུང་བ་དང་། ཐོག་ཁང་མི་ཉུང་བར་རྡིབས་སྐྱོན་བྱུང་ཡོད། མའོ་ཞི་ཁིའི་ནང་སྲིད་པུའུ་ཡིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་པ་ལྟར་ན། ས་འགུལ་དེ་ལས་ཉུང་མཐང་ཡར་མི་ཉིས་བརྒྱ་དང་དོན་གསུམ་རྐྱེན་ལམ་དུ་ཤོར་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།