ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུའི་སྟེང་གཏམ་བཤད་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་གྱི་ཕྱི་འབྲེལ་བློན་ཆེན་ལིས་ཡུང་ཧའོ་ཡིས་ཚེས་ཉེར་གསུམ་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་གཉིས་པའི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུའི་སྟེང་གཏམ་བཤད་སྤེལ། དེ་ནི་ཉིས་སྟོང་བཅུ་བཞི་ལོའི་ཚུན་ལ་ཁྲའོ་ཞན་གྱི་ཕྱི་འབྲེལ་བློན་ཆེན་བསྟུད་མར་ལོ་བཞི་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་ཞུགས་ཏེ་གཏམ་བཤད་སྤེལ་བ་རེད། ཨ་མེ་རི་ཁ་དང་ཁྲའོ་ཞན་བར་ཕན་ཚུན་ཕོག་ཐུག་གཏོང་བའི་གཏམ་སྤྱོད་མུ་མཐུད་དུ་ཛ་དྲག་ཏུ་འགྱུར་བའི་གནས་བབ་འོག ལིས་ཡུང་ཧའོ་ཡི་གཏམ་བཤད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ལིས་ཡུང་ཧའོ་ཡིས་བཤད་རྒྱུར། ཁྲའོ་ཞན་གྱིས་ཉིང་རྡུལ་ནུས་པ་འཕེལ་རྒྱས་སུ་གཏོང་བ་ནི་ཨ་མེ་རི་ཁའི་འཇིགས་ཉེན་ལ་ཁ་གཏད་འཇལ་བའི་ཆེད་དུ་ཡིན་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།