ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་སྲིད་གཞུང་གིས་གཟའ་འཁོར་རྗེས་མར་ཅཱ་ཧྲ་ས་ཁུལ་དུ་བདག་དམ་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་སྲིད་གཞུང་གི་མགྲིན་ཚབ་པ་ཡུག་སུའུ་ཧྥུའུ་ཡིས་ཚེས་ཉེར་ལྔ་ཉིན་ལཱ་མུའུ་ཨན་ལཱ་ནས་ཁྱབ་སྒྲོག་བྱས་དོན། ཕཱ་ལེ་སི་ཐན་འགྲིག་མཐུན་སྲིད་གཞུང་གིས་ཟླ་བཅུ་བའི་ཚེས་གཉིས་ཉིན་ཅཱ་ཧྲ་ས་ཁུལ་ནས་སྲིད་གཞུང་གི་གཟའ་འཁོར་རེའི་རྒྱུན་ལྡན་ཚོགས་འདུ་སྤེལ་རྒྱུ་ཡིན་ཟེར། དེ་ལས་ལོ་མང་བོའི་རྗེས་སུ་ཕཱ་ལེ་སི་ཐན་སྲིད་གཞུང་གིས་ཡང་བསྐྱར་ཅཱ་ཧྲ་ས་ཁུལ་ལ་བདག་དམ་བྱས་པ་མཚོན་ཡོད།

ཡུག་སུའུ་ཧྥུའུ་ཡིས་ཉིན་དེར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕཱ་ལེ་སི་ཐན་གྱི་ཙུང་ལི་ཧཱ་མུའུ་ཏཱ་ལཱ་དང་ཙུང་ཐུང་ཨ་པཱ་སི་གཉིས་ཀྱིས་གྲོས་མོལ་བྱས་རྗེས་ཟླ་བཅུ་བའི་ཚེས་གཉིས་ཉིན་ཅཱ་ཧྲ་ས་ཁུལ་ནས་སྲིད་གཞུང་གི་གཟའ་འཁོར་རེའི་རྒྱུན་ལྡན་གྲོས་ཚོགས་སྤེལ་རྒྱུ་ཐག་བཅད་ཡོད། དེ་བས་ཧཱ་མུའུ་ཏཱ་ལཱ་དང་སྲིད་གཞུང་གི་པུའུ་ཀྲང་སྐོར་ཞིག་ཟླ་བཅུ་བའི་ཚེས་གཉིས་ཉིན་ཅཱ་ཧྲ་ས་ཁུལ་དུ་འགྲོ་རྒྱུ་ཡིན་ལ། ཅཱ་ཧྲ་ས་ཁུལ་ཚོད་འཛིན་བྱེད་པའི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་དང་མཉམ་དུ་དབང་ཤུགས་བརྒྱུད་སྤྲོད་བྱེད་རྒྱུ་རེད་ཟེར།

ཧཱ་མུའུ་ཏཱ་ལཱ་ཡིས་ཚེས་ཉེར་ལྔ་ཉིན་དྲ་ཚིགས་ཐོག་ཏུའང་ཟླ་བཅུ་བའི་ཚེས་གཉིས་ཉིན་ཅཱ་ཧྲ་ས་ཁུལ་དུ་དབང་ཤུགས་བརྒྱུད་སྤྲོད་བྱེད་པའི་གནས་ཚུལ་ཁྱབ་སྒྲོག་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།