ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱིས་རང་བཙན་བྱེད་པར་དམངས་ཀྱིས་བརྡས་ཐག་གཅོད་པར་སེམས་ཁུར་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་ལྔ་ཉིན་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱིས་རང་བཙན་བྱེད་པར་དམངས་ཀྱིས་བརྡས་ཐག་གཅོད་པ་ལས་འབྱུང་སྲིད་པའི་ཟང་ཟིང་ལ་སེམས་ཁུར་བྱེད་བཞིན་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་དབྱི་རག་གི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བ། མཐུན་སྒྲིལ་བཅས་ལ་བརྩི་འཇོག་བྱེད་བཞིན་ཡོད་པར་མ་ཟད། དབྱི་རག་ཀྲུང་དབྱང་སྲིད་གཞུང་དང་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་སྲིད་གཞུང་བར་ཐག་གཅོད་བྱས་མེད་པའི་གནད་དོན་དེ་གྲོས་མོལ་དང་འཛུགས་སྐྲུན་རང་བཞིན་ལྡན་པའི་མཐུན་སྦྱོར་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་པར་འདོད།

གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་ཆ་སྩོལ་བའི་བྱ་འགུལ་ལ་ཤུགས་རྐྱེན་ཐེབས་མི་སྲིད་པར་རེ་ཡོད་པ་དང་། འབྲེལ་ཡོད་དབང་འཛིན་ལས་ཁུངས་ཀྱིས་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་འགུལ་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱིས་ཚེས་ཉེར་ལྔ་ཉིན་རང་བཙན་བྱེད་པར་དམངས་ཀྱིས་བརྡས་ཐག་བཅད། བྱ་སྤྱོད་དེར་དབྱི་རག་གི་ཀྲུང་དབྱང་སྲིད་གཞུང་དང་ཐུར་ཁེ། དབྱི་ལིང་སོགས་ཁྱིམ་མཚེས་རྒྱལ་ཁབ་ཀྱིས་ངོ་རྒོལ་དྲག་པོ་བྱས་པ་དང་། ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀྱང་དབྱི་རག་གི་གཅིག་གྱུར་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།